པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་བཅས་ཀྱི་མཐོ་སློབ་སློབ་མས་མཉམ་དུ་རིག་པའི་རྩལ་འགྲན་པ།
ཉེ་ཆར། 2025ལོའི་ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་འཕྲུལ་ཆས་ལས་གྲྭ་གསར་གཏོད་བསམ་བཀོད་འགྲན་བསྡུར་ཆེན་པོའི་རིག་ནུས་ཞིབ་ཚགས་སྒྲིག་སྦྱོར་འགྲན་བསྡུར་གྱི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་བཅས་ཀྱི་རིམ་མཚུངས་འགྲན་བསྡུར་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ལོན་ཁྲེང་ཁུལ་མཁའ་འགྲུལ་ལྟེ་གནས་སུ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རིག་ནུས་སྒྲིག་སྦྱོར་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་སྒྲིག་སྦྱོར་ཤེས་ལྡན་པའི་གསར་གཏོད་དང་ལག་ལེན་ནུས་པ་སྐྱེད་སྲིང་བྱེད་པ། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐོ་སློབ་སློབ་མ་དང་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ལ་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་སྐྲུན་ཆེད་རེད། འདི་ནི་འགྲན་བསྡུར་ལ་ཞུགས་པའི་སློབ་གྲྭ་ཆེ་མོ་བས་སྒྲིག་ཆས་བཀོལ་སྤྱོད་ཀྱི་རྩལ་འགྲན་བསྡུར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།