དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་སློབ་གྲྭར་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི“གཞོན་ནུ་ལོ་ཆུང་གི་ཉིན་མོའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། དྲ་རྒྱའི་བདེ་འཇགས་ཀྱི“གཤམ་སྤེལ་བདུན”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་གུང་གཞོན་སྡེ་ཚོགས་ཀྱི་འཆད་ཁྲིད་ཆེན་པོའི་བྱེད་སྒོ་སྒྲིག་འཛུགས་བྱས་པར་གཞོན་ནུ་ལོ་ཆུང་ཆིག་སྟོང་ཙམ་ཧུར་ཐག་ཞུགས་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་། འཆད་ཁྲིད་ཆེན་པོས་དྲ་རྒྱའི་བདེ་འཇགས་ཀྱི“གང་ཡིན་པ་དང་། ཅིའི་ཕྱིར་ཡིན་པ། ཅི་ཞིག་ཡོད་པ། ཅི་ཞིག་སྒྲུབ་པ”བཅས་ཕྱོགས་བཞིར་དམིགས་ནས། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ། དྲ་ཐོག་གི་གུང་གཞོན་ཚོགས་མིར་ནང་དོན་ཕུན་སུམ་ཚོགས་པ་དང་གཟུགས་བརྙན་གསོན་ཉམས་དོད་པའི་དྲ་རྒྱའི་བདེ་འཇགས་ཤེས་བྱའི་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་དགེ་རྒན་གྱིས་དཔེ་མཚོན་གྱི་དྲ་རྒྱའི་བདེ་འཇགས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་གྱིས་ལས་ཀ་དང་སློབ་སྦྱོང་དང་འཚོ་བའི་ཁྲོད་གྲོགས་པོ་སྒྲིག་པ་ཕྱོགས་གཉིས་ཀྱི་ཐད་ནས་གཞོན་ནུ་ལོ་ཆུང་ལ་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་། དྲ་རྒྱའི་མགོ་སྐོར་དང་མུའུ་མཱ་ངོས་འཛིན། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་སྔོན་འགོག གསང་ཨང་བདེ་འཇགས་དོ་དམ་ལ་ཤུགས་སྣོན། དེ་བཞིན་དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་གཡོ་རྙིར་དོགས་ཟོན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་ནང་དོན་གཙོ་བོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། ཚང་མས་རྒྱུན་གཏན་དྲ་རྒྱ་སྤྱོད་སྐབས་མི་སྒེར་གྱི་བདེ་འཇགས་འགོག་སྲུང་དང་། ཚོར་སྐྱེན་ཆ་འཕྲིན་སྲུང་སྐྱོང་། དྲ་རྒྱའི་ཁ་བསླུས་སྔོན་འགོག་བཅས་ལ་དོ་སྣང་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།