དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གྲྭ་ནས་ཁ་བྲལ་བའི་སློབ་ཐོན་སློབ་མར་ལས་ཞུགས་ཞབས་ཞུ་ཇི་ལྟར་སྒྲུབ་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཁྲའོ།   |     སྤེལ་དུས།  2025-09-16

    ཀློག་པ་པོའི་དོ་ཁུར།

    ད་ལོ་ང་རང་སློབ་ཆེན་ཐོན་པ་དང་། ཉེ་དུས་ལས་ཀ་འཚོལ་བཞིན་ཡོད། ཟླ་བ་དྲུག་པར་སློབ་གྲྭ་ནས་ཁ་བྲལ་མོད། འོན་ཀྱང་ཟླ་བ་གཉིས་ལྷག་ཙམ་གྱི་རིང་སློབ་གྲྭས་ང་ལ་ལས་བསྡུའི་ཆ་འཕྲིན་སྣ་ཚོགས་བསྐུར་ཡོང་གི་འདུག སློབ་གྲྭ་ཕུད་ད་དུང་སྡེ་ཚན་དང་ཚན་པ་གང་དག་གིས་ང་ཚོར་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་མིན་ངས་ཤེས་འདོད་འདུག

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ཞིང་། 2025ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་འཕེལ་རིམ་སྤྱིའི་ཆ་ནས་བརྟན་པོ་ཡོད། འོན་ཀྱང་སློབ་ཐོན་སློབ་མ་ཁག་གཅིག་གིས་ལས་ཞུགས་ལས་གནས་སྔར་བཞིན་དོན་འཁྱོལ་བྱུང་མེད། ཇི་ལྟར་བྱས་ནས་ལས་ཞུགས་བྱེད་འདོད་པའི་སློབ་མར་ལས་ཞུགས་ཐུབ་རོགས་བྱེད་དགོས།

    “སློབ་གསོ་ཁོངས་གཏོགས་དང་མི་སྤྱི་ཁོངས་གཏོགས་ཀྱི་མཐུན་སྦྱོར་གཞོགས་འདེགས་འོག ལས་ཞུགས་ལ་སྐུལ་འདེད་དང་ལས་ཞུགས་བརྟན་པོ་ཡོང་བའི་དམིགས་ཚད་ལ་དམིགས་ནས་སློབ་གྲྭ་ནས་ཁ་བྲལ་རྗེས་ཀྱི་ལས་ཞུགས་ཞབས་ཞུའི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེད”ཅེས་སློབ་གསོ་པུའི་མཐོ་སློབ་སློབ་མ་སིའི(མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུ་སི)འབྲེལ་ཡོད་འགན་འཁུར་བས་བཤད།

    མཐོ་སློབ་སློབ་ཐོན་སློབ་མ་སློབ་གྲྭ་ནས་ཁ་བྲལ་ཚུན་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མི་དང་ལས་གནས་གནད་སྨིན་འབྲེལ་མཐུད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། “ཤར་དབུས་ནུབ་བཅས་རྒྱུད་ཀྱི་སློབ་གྲྭ་དང་ཁེ་ལས་འབྲེལ་མཐུད་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ”སོགས་ཀྱི་བྱེད་སྒོ་གཉེར་བ་དང་། ལས་ཞུགས་ཀྱི་ཐོན་ཁུངས་ཞན་པའི་མཐོ་སློབ་ལ་ལས་གནས་ཁྲི་5.5ལྷག་ཙམ་བསྡུ་རུབ་བྱས་པ། “ལས་རིགས་མང་པོའི་ཤེས་ལྡན་པའི་ལས་བསྡུའི་འདུ་ཚོགས”སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་གནས་ཁྲི་142.5བསྡུ་རུབ་བྱས་པ། དྲ་ཐོག་ལས་བསྡུའི་འདུ་ཚོགས་ཁག་13སྤེལ་ནས་ལས་གནས་ཁྲི་83.9མཁོ་འདོན་བཅས་བྱས་ཡོད་པ་རེད།

    འབྲེལ་ཡོད་སྡེ་ཚན་གྱིས་ལས་ཞུགས་ཞབས་ཞུའི་ཐད་ལས་བགོས་ཇི་ལྟར་རྒྱག་གི་ཡོད། ཇི་ལྟར་བྱས་ན་མཉམ་ཤུགས་ཤིག་ཆགས་སམ།

    སློབ་གསོ་སྡེ་ཚན་གྱིས་སློབ་གྲྭ་སྒྲིག་འཛུགས་བྱས་ནས་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཏེ་སློབ་ཐོན་སློབ་མའི་རྒྱུན་སྡོད་ས་གནས་སུ“གྲོང་བརྒྱའི་ལས་རིགས་ཁྱིམ་གྱི་སྒོ་རྩར་བསྐྱལ”ཞེས་པའི་རིམ་སྤེལ་ལས་བསྡུའི་འདུ་ཚོགས་སྒྲིག་འཛུགས་བྱས་པ་དང་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སུ་དྲ་ཐོག་གི་ལས་བསྡུའི་འདུ་ཚོགས་འཚོགས་ཡོད། འདུ་ཚོགས་ནང་ཞུགས་མཁན་མཐོ་སློབ་སློབ་ཐོན་སློབ་མ་སློབ་གྲྭ་ནས་ཁ་བྲལ་རྗེས་ལས་ཞུགས་ཞབས་ཞུའི་བྱ་རིམ་ཆུང་ངུས་སློབ་མའི་ཆེད་ལས་རྒྱབ་ལྗོངས་དང་ལས་ཀ་འཚོལ་བའི་འདུན་པ་སོགས་དང་ཟུང་འབྲེལ་གྱིས་ལས་གནས་འོས་སྦྱོར་བྱེད་ཀྱི་ཡོད་པ་རེད།

    མི་སྤྱི་སྡེ་ཚན་གྱིས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་ནས་ལས་བསྡུའི་འབྲེལ་མཐུད་དང་འཇོན་ཐང་ཆེར་གཏོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། གཞོན་ནུ་ཁྲི་བརྒྱའི་ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་སྤེལ་ནས་ལས་རིགས་གསོ་སྦྱོང་ཁ་གསབ་དོན་འཁྱོལ་བྱས་ཡོད། ཁྱིམ་གྱི་སྒོ་རྩའི་ལས་ཞུགས་ཞབས་ཞུའི་ས་ཚིགས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། ཡུལ་གཞན་གྱི་ལས་ཀ་འཚོལ་མཁན་སློབ་ཐོན་སློབ་མ་སོགས་ལ་གཅིག་འཐུས་ཞབས་ཞུ་བསྒྲུབས་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་ལེགས་ཆ་བཏོན་ཞིང་། དམངས་སྲིད་སྡེ་ཚན་གྱིས་ཆ་རྐྱེན་དང་མཐུན་པའི་སློབ་བྲལ་ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མ་དག་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་མཐོ་སློབ་ཀྱི་སྡེ་ཚོགས་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སློབ་ཐོན་སློབ་མར་ཆ་འགྲིག་རོགས་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོའི་ཁྱིམ་གྱི་APPཐོག་སློབ་ཐོན་སློབ་མར་ལས་ཞུགས་རོགས་སྐྱོབ་རེ་ཞུ་སྐྱེལ་བའི་སྟབས་བདེའི་བགྲོད་ལམ་བཏོད་ཡོད།

    གལ་སྲིད་སློབ་མ་ཡུན་རིང་ལས་ཞུགས་མ་ཐུབ་ཚེ། ཇི་ལྟར་ཤེས་རྟོགས་ཐུབ་པ་དང་། དོ་དམ་ཇི་ལྟར་བྱེད་པ། ལས་ཞུགས་ཞབས་ཞུ་ཇི་ལྟར་བྱས་ནས་རྒྱུན་མཐུད་སྒྲུབ་ཀྱི་ཡོད་དམ་ཞེ་ན།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོའི་སྡེ་ཚན་གྱིས་ཟླ་7པར་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མའི་ཆ་འཕྲིན་རང་གནས་སའི་མི་སྤྱི་སྡེ་ཚན་དུ་བསྐྱལ་ཏེ་ལས་ཞུགས་བྱེད་འདོད་མཁན་སློབ་མའི་འབྲེལ་གཏུག་བྱེད་སྟངས་དང་ལས་འཚོལ་འདོད་མཐུན་ས་ཆ་སོགས་ཀྱི་ཆ་འཕྲིན་ཆ་ཚང་ཐོ་འགོད་བྱས་ཏེ་འབྲེལ་གཏུག་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད། མི་སྤྱི་སྡེ་ཚན་གྱིས་ལས་ཤོར་གཞོན་ནུའི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ལོ་ཧྲིལ་པོར་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མའི་ལས་འཚོལ་ཐོ་འགོད་ཀྱི་བྱ་རིམ་ཆུང་ངུ་ཡོངས་བསྒྲགས་བྱས་ཏེ་ས་ཆ་དེ་གའི་དྲ་ཐོག་དང་དྲ་ཕྱིའི་རོགས་སྐྱོབ་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་ཀྱི་ཡོད།

    གོམ་སྟབས་རྗེས་མར་སློབ་གསོའི་ཁོངས་གཏོགས་དང་ལྷག་པར་དུ། མཐོ་སློབ་ཀྱིས་མི་སྤྱི་སྡེ་ཚན་དང་མཉམ་དུ་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཐབས་ལམ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། སློབ་མ་ཚོས་ལས་འཚོལ་ཐོ་འགོད་ཀྱི་བྱ་རིམ་ཆུང་ངུ་བརྒྱུད་ལས་ཞུགས་ཆ་འཕྲིན་ཐོབ་པ་བྱ་རྒྱུ་དང་། ལས་འཚོལ་ནུས་པ་ཆེ་རུ་གཏོང་དགོས་པའི་སློབ་མར་རིགས་མང་བའི་གསོ་སྦྱོང་སྒྲིག་འཛུགས་བྱ་རྒྱུ། མཐོ་སློབ་ཀྱིས་སློབ་གྲྭ་གཅིག་པའི་སློབ་ཐོན་སློབ་གྲོགས་ཀྱིས་གཉེར་བའི་ཁེ་ལས་སྐུལ་སློང་བྱས་ནས་དངོས་སྦྱོང་ལས་གནས་སོགས་མཁོ་འདོན་བྱེད་དགོས་པའི་ཁྲིད་སྟོན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།