ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་ཁག་བཅུ་གཉིས་པ་ཧྲེན་དབྱང་དུ་པུར་འཇུག་བྱས་པ།
འདི་ནི་གུས་དམག་གིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་སྒམ་བཀྱག་ནས་ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་པུར་འཇུག་བྱ་ཡུལ་དུ་སྐྱོད་བཞིན་པ།
ཚེས་13ཉིན་གྱི་སྔ་དྲོར། ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་ཁག་བཅུ་གཉིས་པ་པུར་འཇུག་བྱེད་པའི་ཆོ་ག་ཧྲེན་དབྱང་ཨ་འགོག་ཁྲའོ་རོགས་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་སྤེལ་ཞིང་། དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་30ཡི་དཔའ་བོའི་རྣམ་ཤེས་མེས་རྒྱལ་དང་ཁ་བྲལ་ནས་ལོ་70ལྷག་ཙམ་སོང་རྗེས་ཀྲུང་ཧྭའི་ས་གཞི་ཆེན་པོར་བདེ་བར་འཁོད་ཡོད།
འབྲེལ་ཡོད་གསར་འགྱུར།