རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས། འབྲོག་རར་ཤེས་བྱ་དྲིལ་བསྒྲགས་བྱས།
འདི་ནི་2025ལོའི་ཟླ་9ཚེས་12ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ཨུད་སྒྲོག་འགྲེལ་ཚོགས་པའི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་ས་བབ་སྨི་4200ལྷག་ཙམ་ཟིན་པའི་ཚེ་མགོན་ཤང་འབྲོག་པའི་གྲོང་ཚོ་གསར་པའི་ཐག་རིང་འབྲོག་རར་འབྲོག་པ་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དང་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།
2021ལོར་བཙུགས་པའི“མཁའ་དབྱིངས་ཀྱི་གྲོང་ཁྱེར། ལི་ཐང་དང་མཉམ་དུ་འགྲོགས”ཞེས་པའི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་འབྲོག་དུད་ཁ་ཐོར་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ཐག་རིང་འབྲོག་ཁུལ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་དཀའ་བའི་གནད་དོན་ཧུར་ཐག་བསལ་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན། ལམ་ཐག་སྤྱི་ལེ་ཁྲི་གཅིག་ལས་བརྒལ་བ་དང་། འབྲོག་པ་དུད་ཚང་སྟོང་ཕྲག་ལ་ཁྱབ་པ། སྒྲོག་འགྲེལ་དཔྱད་ཡིག་ཁྲི་གཅིག་ཙམ་སྤྲད་དེ། “ཏང་གི་གསུང་སྒྲ་དང་། མི་དམངས་ཀྱི་སེམས་སྒྲ། ཁྲིམས་སྐྱོང་གི་སྐད་སྒྲ། ཤེས་དཔལ་གྱི་འབོད་སྒྲ”བཅས་ལི་ཐང་རྩྭ་ཐང་གི་ཕྱོགས་ཀུན་དང་གྲོང་ཚོ་ཡོངས་ལ་ཁྱབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།