རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
ཉེ་ཆར་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
འཁྲབ་སྟོན་བྱེད་སྒོ《ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན》ཞེས་པའི་མཉམ་གཞས་ཁྲོད་འགོ་ཚུགས་ཤིང་། 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ》དང《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་སོགས་མཉམ་གཞས་ཀྱིས་ཡིད་སེམས་རབ་ཏུ་འགུལ་བར་བྱས་ཡོད།
འཁྲབ་སྟོན་ཧྲིལ་པོའི་བརྗོད་དོན་གཙོ་བོ་གསལ་བ་དང་བརྩེ་སེམས་རྣམ་པར་དག་ཅིང་། སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་ལོ་ངོ་དྲུག་ཅུའི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་སྤྲོ་སེམས་འཁོལ་པོས་བསྟོད་གླུ་བླངས་པ་དང་། འཕྲལ་སྡོམ་མི་སྣས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་དང་དྲིན་ཚོར་གྱི་བསམ་པ་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།