གོ་ལ་ཧྲིལ་པོའི་ས་མཐོའི་ཆིང་རྐྱང་པའི་སོལ་རླངས་སྒུལ་ཤུགས་འཕྲུལ་འཁོར་ཐོག་མའི་རྣམ་གྲངས་ནག་ཆུར་གཉེར་བ།
ཉེ་ཆར། 2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་གཅིག་སྡུད་གན་འཇོག་མཛད་སྒོའི་ཐོག མིང་དབྱང་ཚོགས་པའི་གོ་ལ་ཧྲིལ་པོའི་ས་མཐོའི་རྣམ་པའི“སྐར་མ་ཕུར་བུ་ཨང་གཉིས་པའི”ཆིང་རྐྱང་པའི་སོལ་རླངས་སྒུལ་ཤུགས་འཕྲུལ་འཁོར་ཐོག་མའི(ཆ་ཚང)“རླུང་ཆིང་གསོག་རླངས”གཞི་གཅིག་ཅན་གྱི་ཆིང་ནུས་གསོག་དཔེ་སྟོན་རྣམ་གྲངས་ཀྱི་སྒྲོམ་གཞིའི་གྲོས་མཐུན་དངོས་སུ་བཞག་ཅིང་། དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.7ཙམ་བཏང་ཡོད་པ་རེད།
དེ་ཉིན་ཤན་རྩ་རྫོང་མི་དམངས་སྲིད་གཞུང་དང་མིང་དབྱང་ཚོགས་པས་རྣམ་གྲངས་ཞབས་ཞུའི་དོ་དམ་འགན་ལེན་དང་མ་འཇོག་འཛུགས་སྐྲུན་གཉེར་སྐྱོང་ལ་དམིགས་ནས་གན་རྒྱ་བཞག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན། རྣམ་གྲངས་གཅིག་སྡུད་གན་འཇོག་མཛད་སྒོར་ཁྱོན་རྣམ་གྲངས་14ལ་མིང་རྟགས་བཀོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་78ལྷག་ཙམ་བཏང་བའི་ནང་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། ཚོང་དོན་ཟོག་འགྲེམས། ལྗང་མདོག་བཟོ་གཏེར་སོགས་ཐོན་ལས་ཁྱབ་ཁོངས་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།