དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་གཞུང་རྒྱུའི་གཞུང་ཁོངས་ཁེ་ལས་ཀྱིས་ནུས་པ་བཏོན་པས་འགན་འཁྲི་འཁུར་སེམས་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-16

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གཞུང་རྒྱུའི་ཁོངས་གཏོགས་ཀྱིས་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་3356.07ལ་ལྟ་འདོམས་བྱས་པར་རྒྱུ་ནོར་ཁེ་གཙང་སྒོར་དུང་ཕྱུར་1295.55ཟིན་པ་དང་། ལོ་ཧྲིལ་པོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་403.01དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་20.51 གོང་འབུལ་ཁྲལ་འཇལ་སྒོར་དུང་ཕྱུར་24.98བཅས་ཟིན་ནས། འགག་རྩའི་དམིགས་ཚད་འཕར་ཚད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལྟ་འདོམས་ཁེ་ལས་ཀྱི་མདུན་གྲལ་དུ་སླེབས་ཏེ། གཞུང་རྒྱུའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གཞུང་ཁོངས་ཁེ་ལས་ལོ་རེར་ཆ་སྙོམས་གྲངས་གནས་གཉིས་ཀྱི་འཕར་ཚད་ཐོག་ནས་རྒྱ་སྟོབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། 1965ལོའི་ཁེ་ལས་73དང་ཐོན་རྫས་རིན་ཐང་སྒོར་ཁྲི་2349ནས་2024ལོའི་ཁེ་ལས་753དང་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་403བར་མང་དུ་ཕྱིན་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“གྲུ་རྡོ”ལྟ་བུར་གྱུར་ཡོད། གཞུང་ཁོངས་མ་རྩ་དག་ནུས་རྒྱུ་གཙང་མ་དང་། ལྗང་མདོག་ཨར་ལས་རྒྱུ་ཆ། ཡུལ་སྐོར་རིག་གནས།

    (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ས་མཐོའི་ཁྱད་ལྡན་ཞིང་འབྲོག་སོགས་ཀྱི“ཐོན་ལས་ཆེན་པོ་དགུར”མགྱོགས་མྱུར་གཅིག་སྡུད་ཐུབ་ནས། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་17སྐྲུན་པ་དང་། ལོ་གསུམ་ནང་འགག་རྩའི་ལྟེ་བའི་ལག་རྩལ་ཁག་9འགག་སྒྲོལ་ཐུབ་པ། གྲུབ་འབྲས་ཁག་35གཞན་སྒྱུར་ཐུབ་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་མཐོར་འདེགས་བྱ་སྤྱོད་ཀྱི་ལས་འགན་གཙོ་བོ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ལས་འགན་སྒྲུབ་ཚད་95.5%དང་ས་ཁུལ་དང་གྲོང་ཁྱེར་7གྱི་ལས་འགན་སྒྲུབ་ཚད་98.9%ཟིན་ཡོད། ཁེ་ལས་263ཉུང་འཕྲི་བྱས་པ་དང་། རྒྱུ་ནོར་བདག་དབང་གི་བང་རིམ་ཚང་མ་རིམ་པ་4ཡི་ནང་ཚུན་དུ་བསྡུ་འཕྲི་བྱས་ཡོད། ཕྱི་ཕྱོགས་ཀྱི་ལས་འཛིན་པ་དང་། “ཁེ་ལས་རེ་ལ་ཐབས་ཇུས་རེའི”དཔྱད་ཞིབ། འགན་འཛིན་དུས་བཀག་ལམ་ལུགས་ཀྱི་གན་རྒྱ་རྣམ་པའི་དོ་དམ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཏེ། ལྟ་འདོམས་ཁེ་ལས་ཀྱི་ཆེད་ལས་དོ་དམ་མ་ལག་རྒྱལ་ཡོངས་ནས་སྔོན་ལ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།