གཟུགས་པོར་སྦྱོང་བརྡར་བྱས་ནས་བདེ་ཐང་འཚོ་བར་རོལ་བ།
འདི་ནི་ལྷ་སའི་གཙང་འགྲམ་ལུས་རྩལ་སྤྱི་གླིང་ནང་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཚོས་འགྲན་བསྡུར་བྱེད་བཞིན་པ།
ལུས་རྩལ་ནི་མི་དམངས་ཀྱི་གཟུགས་གཞི་ཐང་དུ་འགྲོ་བ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཡོད། 2024ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་ལུས་རྩལ་ཐང་9189ཡོད་པ་དང་། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.96ཟིན་ཡོད། ལུས་རྩལ་སྒྲིག་བཀོད་ལེགས་སུ་ཕྱིན་པ་དེས་ས་མཐོའི་མང་ཚོགས་ཀྱི་གཟུགས་པོ་ཐང་དུ་ཕྱིན་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དེ་བས་སྐུལ་འདེད་ཐེབས་ནས། བདེ་ཐང་གི་འདུ་ཤེས་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།