དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐེར་གྱིས་ཀྲུང་སུའེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐེར་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་སུའེ་ཙེར་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས“འདྲ་མཉམ་དང་། གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་སུའེ་མཉམ་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་པས་ཕྱོགས་གཉིས་དང་ཕྱོགས་མང་གི་ཁྱབ་ཁོངས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ངས་ཀྲུང་སུའེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུའུ་ཞི་ཁའེ་ལེ-ཙུའུ་ཐེར་དང་མཉམ་དུ་འབད་བརྩོན་བྱས་ནས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བ་གོ་སྐབས་སུ་བརྩིས་ཏེ་དཔལ་འབྱོར་ཚོང་དོན་དང་། ནོར་སྲིད་དང་དངུལ་རྩའི་མཉམ་ལས། མི་ཆོས་རིག་གནས་སྤེལ་རེས་བཅས་ཟབ་ཏུ་བཏང་ནས་ཀྲུང་སུའེ་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱས་ཏེ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    ཁའེ་ལེ-ཙུའུ་ཐེར་གྱིས་གསུངས་དོན། ལོ་ངོ་75ཡི་རིང་སུའེ་ཀྲུང་རྒྱལ་ཁབ་གཉིས་པོས་སྤེལ་རེས་དང་སྐད་ཆ་ཤོད་རེས། ཕན་ཚུན་བརྩི་འཇོག དངོས་སྒྲུབ་མཉམ་ལས་བཅས་མཐའ་འཁྱོངས་བྱས་ཏེ་སྣ་མང་དང་སྲ་བརྟན་གྱི་རོགས་ཟླའི་འབྲེལ་བ་བཙུགས་ཡོད། 2014ལོར་རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་ལ་ནུས་པ་ཐོན་པ་དང་2016ལོར་གསར་གཏོད་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏན་འཁེལ་བྱས་པ་ཚང་མ་སུའེ་ཀྲུང་འབྲེལ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན། དེ་ཐོག་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེ་གཏིང་ཟབ་ཏུ་འགྲོ་བ་མཚོན་གྱི་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ་སུའེ་ཙེར་གྱིས་ཀྲུང་གོ་དང་སྤེལ་རེས་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཡུན་རིང་གི་མཛའ་མཐུན་གཏིང་ཟབ་ཏུ་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།