ཀུའེ་ཀྲོའུ་ཡི་པའེ་ཧྭ་མཚོའི་ཟམ་ཆེན་གྱི་ཟམ་སྣེ་འབྲེལ་མཐུད་ཐུབ་པ།
ཟླ་9ཚེས་10ཉིན། ཟམ་གདུང་མཐའ་མ་དེ་གནད་འཁེལ་ངང་འདེགས་སྒྲིག་བྱས་པ་དང་བསྟུན་ནས་ཧྲང་ཧའེ་ནས་ཁུན་མིང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ཀུའེ་དབྱང་ནས་ཨན་ཧྲུན་བར་གྱི་རྒྱ་སྐྱེད་རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། པའེ་ཧྭ་མཚོའི་ཟམ་ཆེན་གྱི་ཟམ་སྣེ་བདེ་བླག་ངང་འབྲེལ་མཐུད་ཐུབ་ཡོད། པའེ་ཧྭ་མཚོའི་ཟམ་ཆེན་དེ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱི་ཀོན་ཧྲན་མཚོ་ཁུལ་དང་ཆིང་ཀྲེན་གྲོང་ཁྱེར་འབྲེལ་མཚམས་སུ་གནས་པ་དེས་པའེ་ཧྭ་མཚོ་འཕྲེད་བཅད་བཏང་བ་དང་ཟམ་ཆེན་འདི་ཀུའེ་ཀྲོའུ་ཞིང་ཆེན་ནང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལྡིང་ཟམ་ཞིག་ཡིན་ཞིང་། འདི་ནི་པའེ་ཧྭ་མཚོའི་ཟམ་སྣེ་འབྲེལ་མཐུད་བྱེད་བཞིན་པའི་རྣམ་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།