དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནན་ཏིང་ཀེར་བྱ་དགའ་སྤྲོད་པའི་ཚོགས་ཆེན་སྐབས་50པ་པེ་ཅིང་དུ་འཚོགས་པ།

    ཧན་ཀྲེང་གིས་ཀྲུང་གོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-15

    ཚེས་12ཉིན་གྱི་སྔ་དྲོར། ནན་ཏིང་ཀེར་བྱ་དགའ་སྤྲོད་པའི་ཚོགས་ཆེན་སྐབས་50པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་མཚན་འཛིན་ཚོགས་གཙོ་ཧན་ཀྲེང་གིས་ཀྲུང་གོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་བ་རེད།

    ནན་ཏིང་ཀེར་བྱ་དགའ་ནི་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་རྒྱལ་སྤྱིའི་ནད་ཞབས་ལས་རིགས་ཀྱི་གཟི་བརྗིད་མཐོ་ཤོས་ཤིག་རེད། འདི་ལོ་རྒྱལ་ཁབ་17ནས་ཡོང་བའི་ནད་ཞབས་པ་35ལ་ནན་ཏིང་ཀེར་བྱ་དགའ་ཐོབ་ཅིང་། རང་རྒྱལ་གྱི་ཕུལ་བྱུང་ནད་ཞབས་པ་7ལ་གཟི་བརྗིད་འདི་ཐོབ་པ་ནི་སྐབས་འདིའི་བྱ་དགའ་ཐོབ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། ཁོང་ཚོ་ནི་ཝུའུ་ཧན་སློབ་ཆེན་ཀྲུང་ནན་སྨན་ཁང་གི་ནད་སྐྱོང་ཆེ་མོ་བ་གཞོན་པ་ཧྥེང་ལིང་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་སྐྱོང་ཆེ་མོ་བ་ཧན་ལིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པའི་བསླབ་རྒན་སྨན་པ་དང་སྨན་གཡོག་གི་དགེ་ལས་སྒྲུབ་མཁན་ལེང་ཝུའེ་ཤན། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་ནད་སྐྱོང་ཆེ་མོ་བ་གཞོན་པ་ཆིན་ཡུས་ལིན། ཐེན་ཅིན་གྲོང་ཁྱེར་ལྟེ་བའི་སྨན་ཁང་གསུམ་པའི་ནད་སྐྱོང་ཆེ་མོ་བ་ཐེན་ལི། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ནད་སྐྱོང་ཆེ་མོ་བ་ཤིན་ཧུང་། ཧྲའན་ཤིས་ཞིང་ཆེན་མི་དམངས་སྨན་ཁང་གི་ནད་སྐྱོང་ཆེ་མོ་བ་ཀྲང་ཡུས་ལན་བཅས་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་7གྱིས་ཞུམ་པ་མེད་པའི་འགན་འཁྲི་འཁུར་ཕོད་པ་དང་ཕུལ་དུ་བྱུང་བའི་ཆེད་ལས་རྩལ་ནུས་ལ་བརྟེན་ནས“མི་ཆོས་དང་། བྱམས་སེམས། ལེགས་སྐྱེས”བཅས་རྒྱ་གྲམ་དམར་རྟགས་ཚོགས་པའི་སྙིང་སྟོབས་གསོན་ཉམས་དོད་པོས་འགྲེལ་བཤད་བྱས་ཡོད། རྒྱལ་ཡོངས་ཀྱི་ནད་ཞབས་ལས་དོན་པས་བྱ་དགའ་ཐོབ་མཁན་མིག་དཔེར་བཟུང་སྟེ། ནད་བཅོས་སྲོག་སྐྱོབ་ཀྱི་སྲོལ་རྒྱུན་བཟང་པོ་དང་ནན་ཏིང་ཀེར་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། ཆེད་ལས་ཀྱི་ནད་ཞབས་ལ་བརྟེན་ནས་དམངས་ཡོངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། རིམ་ཁག་རྒྱ་གྲམ་དམར་རྟགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མི་ཆོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རྒྱ་གྲམ་དམར་རྟགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་པ་རེད།

    རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་འཐུས་ཚབ་ཁྲུའི་ཀྲུའུ་རེན་ཧྲི་ཏེ་ལིན་ཚོགས་ཆེན་ལ་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཧྥེང་ལིང་དང་གཞོན་ནུ་སྨན་གཡོག་གི་འཐུས་མི་ཚུང་ཞུའེ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་ཧོ་ཝེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། སྨན་པ་དང་སྨན་གཡོག་གི་འཐུས་མི་སོགས་མི་700ལྷག་ཙམ་བྱ་དགའ་སྤྲོད་པའི་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

    ཚོགས་ཆེན་གྲོལ་རྗེས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅོ་བརྒྱད་པ་འཚོགས་པ་དང་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་རྒྱལ་ཁབ་མཁའ་འགྲུལ་དོ་དམ་གྱི་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཁྲེན་ཀྲི་ཅེ་ཡིས《རང་རྒྱལ་གྱི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་འཕེལ་ཕྱོགས》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།