དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུལ་དམག་རུ་སྟར་གྲུ་བཞིའི་རུ་མི་ཀའོ་ཡན།

    ​“གང་དུ་གནས་ཀྱང་བློ་སྤོབས་དང་འགན་འཁྲི་ཡོད་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-15

    འདི་ནི་ཀའོ་ཡན་ཡིན་པ།

    ཟླ་9ཚེས་5ཉིན། དམག་གཟིགས་མཛད་སྒོ་ནས་ལོག་མ་ཐག་པའི་ཀའོ་ཡན་གྱིས་ཧྲན་ཤིས་ཞིང་ཆེན་དམག་ཁུལ་ཁང་དུ་སྤེལ་བའི་བྱེད་སྒོའི་ཐོག་སེམས་འགུལ་དང་བཅས་སྤོབས་པ་ཆེན་པོས་གཟིགས་ཞིབ་དང་ལེན་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། ཀའོ་ཡན་ད་ལོ་ལོ་31ལ་སླེབས་ཤིང་། ཐའེ་ཡོན་གྲོང་ཁྱེར་ལོའུ་ཧྥན་རྫོང་ཧྲང་ལུང་ཆོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན། ཡུལ་དམག་བརྒྱ་ཤོག་གི་བརྒྱ་དཔོན་བཅས་རེད། 2019ལོར། ཀའོ་ཡན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིགས་མཛད་སྒོའི་གཟབ་སྦྲེང་རུ་སྟར་གྲུ་བཞིའི་རུ་མི་ཞིག་ཡིན་ལ། ད་ལོར་ཁོང་གིས་ཡུལ་དམག་རུ་སྟར་གྲུ་བཞིའི་རུ་མི་ཞིག་བྱས་ནས་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་སླར་ཡང་དང་ལེན་ཞུས་པ་རེད། ཞུམ་མེད་ཀྱི་སྙིང་སྟོབས་ནི་དམག་སྒར་གྱི་བཞུན་བརྡར་ལས་བྱུང་བ་ཡིན། 2016ལོར། ཀའོ་ཡན་སློབ་ཆེན་ནས་ཐོན་རྗེས་དམག་ལ་ཞུགས་ཤིང་ཕྱིས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཆེན་ལ་ཞུགས། ཚ་གདུག་ཆེ་བའི་དུས་སུ་རྔུལ་ཆུས་དམག་ཆས་ཡོངས་སུ་རློན་པར་བྱེད། གྲང་ངར་ཆེ་བའི་དུས་སུ་ཡང་རྒྱ་མ་ཁ་ཤས་ཡོད་པའི་གུས་མཚོན་མེ་མདའ་སྔར་བཞིན་བརྟན་པོར་འཛིན་དགོས། གཟབ་སྦྲེང་རུ་ཁག་ལ་ཞུགས་པའི་ལོ་4ཡི་རིང་། ཀའོ་ཡན་གྱིས་གུས་སྲོལ་བདག་གཉེར་ལས་འགན་ཐེངས་30ལྷག་བསྒྲུབས་པས་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་དེ་ཁྲག་རྒྱུན་དུ་འདྲེས། 2020ལོར་དམག་ཞབས་ཐིམ་རྗེས་ཀའོ་ཡན་ཕ་ཡུལ་དུ་ལོག་ཅིང་། ཕྱི་ལོར་ཧྲང་ལུང་ཆོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཡུལ་དམག་བརྒྱ་ཤོག་གི་བརྒྱ་དཔོན་ལ་བདམས། “དམག་ཞབས་ཐིམ་ནས་ལོག་ཡོང་བའི་བུ་མོ་ཆུང་ཆུང་ཞིག་གིས་འཇོན་ཨེ་ཡོང”ཞེས་དང་ཐོག་གྲོང་མི་ཁ་ཤས་ལ་དོགས་པ་སྐྱེས། ཡིན་ན་ཡང་ཀའོ་ཡན་གྱིས་གཟབ་སྦྲེང་རུ་ཁག་ཏུ་སྦྱངས་པའི་ཞུམ་མེད་ཀྱི་སྤོབས་པར་བརྟེན་ནས་གྲོང་ཚོའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་མི་ཚོའི་ཡིད་ཆེས་ཐོབ་པར་བྱ་རྒྱུའི་སེམས་ཐག་བཅད། ཀའོ་ཡན་གྱིས་ཏང་ཡོན་ཞབས་ཞུའི་རུ་ཁག་བཙུགས་ནས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་དུད་ཚང་རེ་རེར་བསྐྱོད་དེ་གྲོང་མི་ཚོའི་དཀའ་ངལ་རྒྱུས་ལོན་བྱས་རྗེས་མང་ཚོགས་ཀྱི་རེ་བ་60ལྷག་ཙམ་ཐག་གཅོད་བྱས། ཆུ་ལོག་དང་ནགས་ཚལ་མེ་སྐྱོན་སོགས་ཀྱི་ཉེན་སེལ་ལས་འགན་ཐོན་སྐབས་ཁོང་གིས་ཡུལ་དམག་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་འབད་འབུངས་ཧུར་ཐག་བྱས་པས་རིམ་གྱིས་གྲོང་མི་ཚོའི་ཁས་ལེན་ཐོབ། ཀའོ་ཡན་གྱིས“དང་ཐོག་ཡུལ་མི་སྤུན་ཟླ་ཚོས་ང་ལ‘སློབ་ཆེན་ཐོན་པའི་དམག་མི’ཞེས་འབོད་ཀྱི་འདུག རྗེས་སུ‘དམག་ཁོངས་ནས་ཐོན་པའི་ཧྲུའུ་ཅི’ཞེས་འབོད་ཀྱི་འདུག”ཅེས་བརྗོད་ཅིང་འབོད་སྟངས་ཀྱི་འགྱུར་ལྡོག་དེ་ལས་ཁོང་གི་དངོས་སྒྲུབ་ལ་ཁས་ལེན་ཐོབ་པ་མཚོན་ཡོད། “ཉིན་གཅིག་དཔུང་སྡེར་ཞུགས་ན། དུས་ནམ་ཡང་དམག་མི་ཡིན་པས། གང་དུ་གནས་ཀྱང་བློ་སྤོབས་དང་འགན་འཁྲི་ཡོད་དགོས”ཞེས་ཀའོ་ཡན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།