དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དྲུག་གིས་མཉམ་དུ་རླངས་འཁོར་ལས་རིཌ་ཀྱི་དྲ་རྒྱའི་ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་བྱེད་རྒྱུའི་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-15

    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་དྲུག་གིས་མཉམ་དུ《རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཟླ་བ་གསུམ་སྤེལ་ཏེ་ཁྲིམས་དང་མ་མཐུན་པར་ཁེ་སྤོགས་རག་ཐབས་བྱེད་པ་དང་། འུད་སྒྲོག་དང་དྲིལ་བསྒྲགས་རྫུན་མ་བྱེད་པ། རྐང་བཙུགས་ནས་དམའ་འབེབས་གཏོང་བ་དང་ཚིག་མཚོན་འདེབས་པ་སོགས་དྲ་རྒྱའི་སྣང་ཚུལ་ངན་པར་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    བཅོས་སྒྲིག་བྱེད་པའི་གནད་དོན་གཙོ་བོ་གསུམ་ཡོད་པ་སྟེ། གཅིག་ནས་གནས་ཚུལ་རྫུན་མ་བཟོས་ཏེ་རླངས་འཁོར་ཁེ་ལས་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ངན་པ་སྦིར་སྒྲོག་དང་དཀྲོག་གཏམ་བཟོས་ནས་དྲ་རྒྱའི་རྒྱུགས་འབོར་རག་ཐབས་བྱེད་པ་དང་། རྫུན་བཟོ་དང་ཚད་ལྡན་མིན་པའི་ཚད་ལེན་གདེང་འཇོག་སོགས་ཀྱི་བྱ་ཐབས་བརྒྱུད་ཚོང་ལས་ཀྱི་ཁེ་ཕན་རག་ཐབས་བྱེད་པ། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་སྤྱད་ནས་ནང་དོན་རྫུན་མ་བཟོ་བ་སོགས་ཁྲིམས་དང་མ་མཐུན་པར་ཁེ་བཟང་རག་ཐབས་བྱེད་པའི་གནད་དོན་དང་། གཉིས་ནས་དྲིལ་བསྒྲགས་ཀྱི་གནད་དོན་འུད་སྒྲོག་དང་རྫུན་མ་བཟོ་བ་དཔེར་ན། དྲིལ་བསྒྲགས་རྫུན་མའམ་ཡང་ན་གོ་འཛོལ་ཐེབས་སྲིད་པའི་དྲིལ་བསྒྲགས་ལ་བརྟེན་ནས་འཛད་སྤྱོད་པར་མགོ་སྐོར་བསླུ་བྲིད་བྱེད་པ་དང་མིང་འདྲ་མིན་སྣ་ཚོགས་བཏགས་ནས་ཕྱིར་ཚོང་བྱེད་ཚད་ཀྱི་ཨང་རིམ་སོགས་ཀྱི་མིང་ཐོ་སྣ་ཚོགས་ཡོངས་བསྒྲགས་བྱེད་པ། གསུམ་ནས་འགྲན་ཡར་རྡུང་རྡེག་གཏོང་ཆེད་ཁེ་ལས་སམ་ཐོན་རྫས་ཀྱི་མཚན་སྙན་ནག་པོ་བཟོ་བ་དང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣས་དྲ་ཐོག་ཏུ་རང་སྟོད་གཞན་སྨད་ཀྱི་འཁྲུག་རྩོད་སློང་བ་སོགས་ཀྱི་རྐང་བཙུགས་ནས་དམའ་འབེབས་གཏོང་བ་དང་ཚིག་མཚོན་འདེབས་པའི་གནད་དོན་བཅས་རེད།

    བརྡ་ཐོ་ལྟར་ན། བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་རླངས་འཁོར་ཁེ་ལས་དང་འབྲེལ་ཡོད་དྲ་རྒྱའི་ལས་སྟེགས་ཁེ་ལས་སྒྲིག་འཛུགས་ཀྱིས་རང་བཤེར་བྱས་ནས་མགྱོགས་མྱུར་ཐག་གཅོད་བྱེད་ལམ་བཏོད་པ་དང་། རླངས་འཁོར་ལས་རིགས་ཀྱི་དྲ་རྒྱའི་ཟང་ཟིང་ལ་ཞུགས་པའི་སྨྱན་སྦྱོར་གྱི་ཨང་རྟགས་ཁག་གཅིག་ཁྲིམས་ལྟར་རམ་ཁ་ཆད་ལྟར་བཀག་པ་དང་ཡོངས་བསྒྲགས་དམར་འདོན་བྱ་རྒྱུ་དང་། དྲ་རྒྱའི་ཟང་ཟིང་གི་རྣམ་པ་བཟོ་བའི་རྒྱབ་ཕྱོགས་ཀྱི་སྤྱི་འབྲེལ་ཀུང་སི་དང་ཚོང་གཉེར་ཀུང་སི་སོགས་ལས་ཚབ་ཕྱོགས་ཀྱི་ཚོགས་པ་དང་དེའི་ཞབས་ཞུ་ཉོ་མཁན་རླངས་འཁོར་ཁེ་ལས་བཙལ་ནས་ཁྲིམས་ལྟར་རྡུང་རྡེག་དང་ཆད་པ་གཅོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།