ཁྱིམ་དུ་མེ་གསོད་ཡོ་བྱད་འདི་དག་གྲ་སྒྲིག་བྱས་ན་བཟང་།
བདེ་འཇགས་ནི་དོན་དག་ཆུང་ཆུང་ཞིག་མིན་པས། མ་འབྱུང་སྔོན་འགོག་བྱེད་དགོས། སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱས་ཚེ་ཉེན་ཁ་འཕྲད་སྐབས་གྱོང་གུན་ཆུང་དུ་གཏོང་ཐུབ་ལ། རང་ཉིད་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལའང་སྲུང་སྐྱོང་བྱེད་ཐུབ། དེར་བརྟེན། ཁྱིམ་དུ་མེ་གསོད་ཡོ་བྱད་འགའ་གྲ་སྒྲིག་བྱེད་དགོས་ངེས་ཡིན། གསལ་བཤད་ཞུ་རྒྱུར་ཚད་ལྡན་ཚོང་ཁང་ནས་ཉོ་དགོས།
གཅིག སྐམ་ཐལ་མེ་གསོད་ཡོ་བྱད།
ཁྱིམ་དུ་ABCསྐམ་ཐལ་མེ་གསོད་ཡོ་བྱད་ཉར་ན་མེ་ཤོར་མ་ཐག་གསོད་ཐུབ། སྤྱིར་བཏང་ཁྱིམ་ཚང་དུ་སྤྱི་རྒྱ་2ཀྱི་སྐམ་ཐལ་མེ་གསོད་ཡོ་བྱད་གྲ་སྒྲིག་བྱས་ན་སྤྱིར་བཏང་གི་མེ་གསོད་ཐུབ། རྒྱུན་དུ་མེ་གསོད་ཡོ་བྱད་ལེན་བདེ་སར་འཇོག་དགོས་པ་དང་། མེ་གསོད་ཡོ་བྱད་ལ་བཙའ་མི་རྒྱག་པ་དང་གཡའ་མི་རྒྱག་པ་བྱ་ཆེད་གསང་སྤྱོད་དམ་དྲོད་རླངས་སྟེང་དུ་འཇོག་མི་རུང་། གཞན་ཡང་དུས་བཀག་ལྟར་མེ་གསོད་ཡོ་བྱད་ཀྱི་དུས་ཚོད་ཡོལ་མིན་དང་གནོན་ཤུགས་འདང་མིན་ལ་དོ་སྣང་བྱེད་དགོས།
1.ལེན། མོ་གསོད་ཡོ་བྱད་ལེན་པ།
2.འཐེན། ཁ་བཀག་བསྡམས་འགྱིག་འཐེན་པ།
3.འཇུ། འགྱིག་སྦུག་ནག་པོར་འཇུ་བ།
4.གནོན། ལག་འཇུ་མནན་ནས་མེ་གསོད་པ།
གཉིས། མེ་ཟོན་རང་སྐྱོབ་ཀྱི་དབུགས་འབྱིན་རྔུབ་ཡོ་བྱད།
མེ་ཤོར་དུས་དུ་ནག་གི་ཁྲོད་དུ་ཡོ་བྱད་དེ་ནི་དབུགས་འབྱིན་རྔུབ་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་ཡོ་བྱད་རྩེ་གྲ་ཞིག་ཡིན། དབུགས་འབྱིན་རྔུབ་ཡོ་བྱད་ལ་ཕན་ཆེའི་འཚག་གསིང་གི་ནུས་པ་ལྡན་པས། དུག་ལྡན་གྱི་རླངས་གཟུགས་འཚག་གསིང་ནུས་ལྡན་ཐུབ་ཀྱི་ཡོད་པ་དང་། དེས་གྱོན་མཁན་ལ་མཁའ་རླུང་གཙང་མ་མཁོ་འདོན་ཐུབ་ནས་སྲོག་ཉེན་ལས་ཐར་བའི་དུས་ཚོད་བརྩོན་ལེན་བྱེད་ཐུབ།
1.ཕྱེ། རང་སྐྱོབ་ཀྱི་དབུགས་འབྱིན་རྔུབ་ཡོ་བྱད་ཁ་ཡོངས་སུ་ཕྱེ་བ།
2.འཐེན། དབུགས་འབྱིན་རྔུབ་ཡོ་བྱད་ཀྱི་ཕྱི་ནང་གི་དབུགས་རྔུབ་སའི་སྦྱར་རྩི་འཐེན་པ།
3.གྱོན། དབུགས་འབྱིན་རྔུབ་ཡོ་བྱད་མགོ་ལ་ཡོངས་སུ་གྱོན་པ།
4.བསྡམས། ཐག་པ་དམ་པོར་བསྡམས་ནས་དུ་བ་མི་འཛུལ་བར་བྱེད་པ།
གསུམ། འོད་ཤུགས་ཆེ་བའི་སྦི་ཅི་ལི།
དེར་གློག་འོད་གསལ་བ་དང་། འོད་རྒྱང་རིང་བ། འོད་འཕྲོ་ཡུན་རིང་བ་བཅས་ཀྱི་བྱེད་ནུས་ལྡན་པས། མེ་སྐྱོན་ཐོན་ཡུལ་གྱི་མུན་ནག་ཁྲོད་དུ་འོད་གསལ་པོ་འཕྲོ་ཐུབ། དེ་ལས་སྤྱོད་མཁན་གྱིས་མཐའ་འཁོར་གྱི་གནས་ཚུལ་གསལ་པོར་མཐོང་ཐུབ་པ་དང་། དེས་མ་ཚད་གློག་འོད་ཆེམ་ཆེམ་དུ་སྤར་ན་རོགས་སྐྱོབ་ཀྱི་བརྡ་གཏོང་ཐུབ་པས། རོགས་སྐྱོབ་བྱེད་མཁན་གྱི་དོ་སྣང་ཡོང་ཐུབ།
1.མང་། རྒྱང་བསྒྲགས་གཏོང་བ་དང་། ཉེན་བརྡ་གཏོང་བ། གློག་སྒྲོན་སྤར་བ་བཅས་ཀྱི་བྱེད་ནུས་མང་བ།
2.དཀྲུག གློག་གསོག་མི་དགོས་ལ་གློག་རྫས་ཀྱང་མི་དགོས་པར་ལག་པས་དཀྲུག་དཀྲུག་བཏང་ན་གློག་གསོག་ཐུབ་པ་དང་། ཛ་དྲག་སྐབས་གཞན་ལ་གློག་གཏོང་ཐུབ།
3.སྐྱོབ། SOSམཐེབ་གནོན་ཡོད་ཅིང་། གནོད་འཚེ་དང་ཛ་དྲག་གནས་ཚུལ་འཕྲད་སྐབས་འབོད་བརྡ་གཏོང་བ་དང་སྐྱོབ་རོགས་ཞུ་བའི་བྱེད་ནུས་ལྡན།
བཞི། མེ་གསོད་གདན།
མེ་གསོད་གདན་ནི་རྒྱུན་དུ་ཤེལ་གྱི་ཚི་སྣ་སོགས་མེ་འབར་མི་ཐུབ་པའི་རྒྱུ་ཆ་ལས་བཟོས་པ་ཡིན་པས། མེ་ཁུངས་ཆུང་བར་བཀབ་ན་མཁའ་རླུང་བཀག་སྟེ་མེ་གསོད་ཐུབ། རྒྱུན་དུ་ཚལ་སླང་གི་མེ་སྐྱོན་སོགས་མེ་སྐྱོན་ཆུང་གྲས་གསོད་པར་སྤྱོད་ཀྱི་ཡོད་ལ། ལུས་པོར་དཀྲིས་ནས་བྲོས་འགྲོ་སྐབས་ཕན་ཐོགས་ཡོད། མེ་སྐྱོན་ཐོན་སྐབས་ལེན་བདེ་པོ་ཡོང་ཆེད། མེ་གསོད་གདན་ཁྱིམ་གྱི་མངོན་གསལ་དོད་ལ་ལེན་སླ་བའི་སར་འཇོག་དགོས་པ་མ་ཟད། ནང་མིས་མེ་གསོད་གདན་འཇོག་ས་དང་སྤྱོད་སྟངས་ལ་རྒྱུས་མངའ་ཡོད་དགོས།
1.བཟུང་། མེ་གསོད་གདན་བཟུང་ནས་ཕུབ་འཇུ་བ་ལྟར་བྲང་ཁར་ཉར་བ།
2.དཀྲིས། བྲོས་འགྲོ་སྐབས་གཟུགས་པོར་དཀྲིས་ནས་གྱོན་གོས་མི་འཚིག་པར་བྱེད་པ།
3.བཏུམས། མི་གཞན་གྱི་ལུས་སྟེང་དུ་མེ་ཤོར་དུས་མེ་གསོད་གདན་གྱིས་མི་གཞན་གྱི་གཟུགས་པོ་བཏུམས་ཆོག་པ།
4.བཀབ། དངོས་པོར་མེ་ཆུང་ཆུང་འབར་སྐབས་མེ་གསོད་གདན་ཐད་ཀར་བཀབ་ཆོག་པ།
(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།