དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-15

    ཉིན་ཤས་གོང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་གི་ཀྲུའུ་རེན། དངུལ་རྩ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཝེ་ཤིའུ་ཁྲང་དང་བཅས་པས་ཆབ་མདོ་གྲོང་ཁྱེར་དུ་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་བྱས་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ་འཐབ་ཇུས་ཀྱི་སྣེ་ཁྲིད་དང་ཤེས་ལྡན་པ་གསོ་སྐྱོང་སོགས་གཙོ་གནད་ལྷུ་ཚིགས་ལ་དམིགས་པ་དང་། གཞུང་རྒྱུའི་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་ཕན་ནུས་ཆེ་རུ་བཏང་སྟེ་ཏང་ནང་ཁུལ་དང་། རྩིས་བཤེར། ཆེད་ལས་ལྟ་སྐུལ་བཅས་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་སྐུལ་འདེད་གཏོང་བ། རྐང་དབང་མཉམ་ལས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་ཀྲུང་དབྱང་ཁེ་ལས་དང་དམངས་གཉེར་ཁེ་ལས་ཁྲོམ་ར་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཁོར་འབྲེལ་སྣུར་སྲིང་དང་། འཁོར་འབྲེལ་ཁ་གསབ།འཁོར་འབྲེལ་སྟོབས་ཆེ། འཁོར་འབྲེལ་བརྟན་གཏོང་བཅས་བྱེད་པ། ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁེ་ལས་ཚད་སྤོར་རྩིས་འཇུག་ལ་སྐུལ་འདེད་གཏོང་བ་དང་རྒྱུ་ནོར་ཕན་སྒྱུར་དང་། ཐོན་ལས་འགག་སྒྲོལ། ཚན་རྩལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་སྒྱུར་བཅོས་ལག་བསྟར་བྱེད་ནུས་སུ་འགྱུར་བ་བྱེད་དགོས།

    བརྟག་ཞིབ་ཚོགས་ཆུང་གིས་མཛོ་སྒང་དང་། སྨར་ཁམས། གོ་འཇོ། ཁ་རུབ། ལྷོ་རོང་། དཔལ་འབར་སོགས་རྫོང(ཆུས)གི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ཨར་འདམ་ཐོན་སྐྱེད། སྐྱེ་དངོས་ཚན་རྩལ། ཆ་འཕྲིན་ཅན་འཛུགས་སྐྲུན་སོགས་ཁེ་ལས་ལ་ས་གནས་ས་ཐོག་ཏུ་འཚམས་འདྲི་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།