བོད་ལྗོངས་ལུས་རྩལ་འགྲེམས་ཁང་དུ་2025ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་འགྲེམས་ཚོགས་དང་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་འགྲེམས་ཚོགས་གཉེར་བ།
ཟླ་9ཚེས་12ཉིན། 2025ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་འགྲེམས་ཚོགས་དང་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་འགྲེམས་ཚོགས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། དེའི་རིང་བོད་ལྗོངས་ལུས་རྩལ་འགྲེམས་ཁང་གིས“འོད་སྟོང་འཕྲོ་བའི་ལོ་ངོ་དྲུག་ཅུ། ལུས་རྩལ་གྱིས་བྱས་རྗེས་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ལུས་རྩལ་འགྲེམས་ཁང་དུ“སའི་གོ་ལའི་རྩེ་མོར་མེས་རྒྱལ་གྱི་གཟི་བརྗིད་བརྩམས་པ”དང་། “ས་མཐོའི་ལུས་རྩལ་པས་དུས་རབས་ཀྱི་ལེའུ་གསར་བརྩམས་པ” “ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ” “དམངས་ཡོངས་ཀྱི་ལུས་སྦྱོང་ཚ་རླབས་ས་མཐོར་འཕྱུར་བ”སོགས་ཀྱི་ལེ་ཚན་བཏོད་དེ། ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་འགྲན་བསྡུར་རྩེ་གྲ་བཅུའི་གྲས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་དང་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སོགས་སྤུས་རྟགས་བྱེད་སྒོ་གཙོ་གནད་ཐོག་མངོན་པར་བྱས་པ་དང་། བོད་ཀྱི་ལུས་རྩལ་ཡུལ་སྐོར་རིག་གནས་མཉམ་འདྲེས་འཕེལ་རྒྱས་དང་ཕྱི་རོལ་ལུས་རྩལ་ཁུལ་ཆེན་པོའི་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་མངོན་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་ཟླ་9ཚེས་14ཉིན་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།