དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡེ་ཆི། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-09-15


    སློབ་ཚན་གྲོལ་རྗེས་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་གནས་པའི་ལྷ་ས་ནག་ཆུ་མཐོ་འབྲིང་གསུམ་པ་འཁྲུག་ཆ་དོད་པོར་གྱུར་ཅིང་། སློབ་མ་ཆོས་སྐྱིད་མཚོ་མོ་བར་ཁྱམས་ཀྱི་སྒེའུ་ཁུང་ཕྱིར་ཧོན་ཐོར་ཏེ་ལྟ་བཞིན་མཆིས།

    འཛིན་གྲྭའི་ཀྲུའུ་རེན་ཀོའུ་ཞའོ་དབྱིང་གིས་ཆོས་སྐྱིད་མཚོ་མོར“ག་རེ་བྱས་སོང་ངམ”ཞེས་འདྲི་སྐབས།

    ཆོས་སྐྱིད་མཚོ་མོས་རྒན་ལགས་ཀྱི་སེམས་ཁུར་གནང་བ་ཤེས་ཏེ“གང་ཡང་བྱས་མ་སོང”ཞེས་ཞུས་ནས་འཚེར་སྣང་དང་བཅས་བྲོས་ཕྱིན།

    ལོ་མང་དགེ་རྒན་བྱས་པའི་ཉམས་མྱོང་ལས་ཀོའུ་ཞའོ་དབྱིང་གིས་བུ་མོ་དེར་སེམས་ནད་ཡོད་པ་ཤེས། དེ་རྗེས་ཁོང་གིས་ཡང་བསྐྱར་ཆོས་སྐྱིད་མཚོ་མོ་སློབ་གྲྭའི་ནང་འཆམ་འཆམ་ལ་ཁྲིད་དེ་ཅི་འཕྲོས་མོལ་འཕྲོས་བྱས།

    ལང་ཚོ་དར་སྒང་གི་ཕྲུ་གུའི་སེམས་ལ་ཕོག་ཐུག་འགྲོ་སླ་བས། ཀོའུ་ཞའོ་དབྱིང་གིས་སེམས་གསོ་གཏོང་མཁས་པོས་ཆོས་སྐྱིད་མཚོ་མོའི་སེམས་ནད་སེལ་ཐབས་བྱས། “ཉེ་དུས། ང་ལ་གནས་ཚུལ་འགའ་འཕྲད་བྱུང་བས་ཁྱེད་ཀྱིས་བཀའ་སློབ་གནང་རོགས”ཞེས་ཆོས་སྐྱིད་མཚོ་མོས་རང་གི་སེམས་ནད་དག་རེ་རེ་བཞིན་བཤད།

    ཁོང་གཉིས་ཅི་འཕྲོས་མོལ་འཕྲོས་ཡུན་རིང་བྱས་རྗེས། ཀོའུ་ཞའོ་དབྱིང་གིས“གཟའ་མཇུག་ལ་སློབ་གྲོགས་ཁ་ཤས་ཁྲིད་དེ་ངའི་ཉལ་ཁང་དུ་ཤོག ངས་ཚལ་ཞིམ་པོ་ཁ་ཤས་བཟོས་ནས་སྒུག་ཆོག”ཅེས་སེམས་རྩ་འཁོལ་པོས་བཤད།

    སློབ་གྲྭ་འདི་ནི་ནག་ཆུ་གྲོང་ཁྱེར་གྱིས་ས་གནས་གཞན་དུ་སློབ་གྲྭ་གཉེར་སྟངས་ཀྱི་གྲུབ་འབྲས་ཤིག་ཡིན་ཞིང་། སློབ་མ་མང་ཆེ་བ་ནི་ནག་ཆུ་གྲོང་ཁྱེར་ནས་ཡིན་པ་དང་། དགེ་སློབ་ཚོའི་ཁྲོད་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མེའོ་རིགས། འཇང་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་འདུས་ཡོད། ཀོའུ་ཞའོ་དབྱིང་ནི་སློབ་མ་ཚོའི་སེམས་ནང་ལྷ་སར་ཡོད་པའི“ཨ་མ”ལྟ་བུ་རེད། ཀོའུ་ཞའོ་དབྱིང་གིས“ང་ཡང་ས་ཆ་གཞན་ནས་བོད་དུ་ཡོང་བ་ཡིན་པས། ཕྲུ་གུ་ཚོ་ཁྱིམ་དང་བྲལ་བའི་མྱོང་ཚོར་གསལ་ཤོས་ཤེས་ཀྱི་ཡོད། འདི་གར་ང་ནི་ཕྲུ་གུ་ཚོའི་ནང་མི་ཡིན”ཞེས་བཤད།

    “སློབ་གྲྭས་སློབ་ཚན་དང་། སློབ་གྲྭའི་རྒྱང་བསྒྲགས། གཟའ་ཟླ་བའི་བསམ་བློ་ཆབ་སྲིད་སློབ་གསོའི་ཚོགས་ཆེན། བསམ་བློ་ཆབ་སྲིད་སློབ་ཚན་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་གྱི་ཡོད། གཞན་ཡང་། སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་ཁྱམས་རིང་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གླིང་ཁ་སོགས་ལས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་བཏོད་ཡོད”ཅེས་སློབ་གྲྭའི་བསམ་བློ་ཆབ་སྲིད་གཞུང་ལས་ཁང་གི་ཀྲུའུ་རེན་ཟླ་བ་སྒྲོལ་མས་ངོ་སྤྲོད་བྱས། ཁོང་གིས། ན་ནིང་ང་ཚོའི་སློབ་གྲྭར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་ཅེས་བཤད།

    སློབ་གྲྭ་གཅིག་ནས་བོད་ཡོངས་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་ཅིང་། མིག་སྔའི་བར། བོད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས(མི་རིགས་མཐུན་སྒྲིལ་ཡར་ཐོན)བརྟན་པོར་འཛུགས་པའི་དཔེ་སྟོན་སློབ་གྲྭ་499དང་། དཔེ་སྟོན་འཛིན་གྲྭ་499 དཔེ་སྟོན་ཉལ་ཁང་491 དཔེ་བཟང་མི་སྒེར་499བཅས་འཛུགས་གཏོད་བྱས་ཡོད་པ་དང་། སློབ་གྲྭ་49ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སུ་བདམས་པ། སློབ་གྲྭ་10ལ“རྒྱལ་ཡོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དཔེ་སྟོན་སློབ་གྲྭའི”གཟི་བརྗིད་མཚན་སྙན་ཐོབ་པ། སློབ་གྲྭ(གླིང་དང་ཚན་ཁག)2ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    གྲངས་གཞི་ཁག་རེ་རེ་ལས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་མཚོན་གྱི་ཡོད།

    མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བ་རྒྱུན་མཐུད་ཐོན་པ་སྟེ། ལྗོངས་ཡོངས་ཀྱི་མཉམ་སྡེབ་154དང་མི་སྒེར་204ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། “མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་མཁན་ཕུལ་བྱུང”གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རག་སྡིས་ཀྱི་སྔོན་ཐོན་མཛད་རྗེས་ལ་བསྟོད་ནས་གང་སར་ཁྱབ་པར་བྱས་ཡོད།

    “འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི”བྱེད་སྒོ་གཏིང་ཟབ་དང་ཏན་ཏིག་སྤེལ་ཞིང་། ཉེ་བའི་ལོ་གསུམ་རིང་། བོད་ཀྱིས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཁྲི་1.53ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དགུན(དབྱར)གསེང་གི“སེམས་མཐུན་སྒར”སོགས་སྤེལ་རེས་བྱེད་སྒོར་ཞུགས་པ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཁྲི་7.2ལྷག་ཙམ་དང་ནང་སའི་ལོ་ཆུང་བྱིས་པའི་དབར“ལག་གདང་འབྲེལ་བའི”འཕྲིན་ཡིག་བསྐུར་རེས་ཀྱི་བྱེད་སྒོ་སྤེལ་བ། ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་པོ་སྐབས་གཉིས་གཉེར་བར་གཞོན་ནུ་ལོ་ཆུང་མི་ཐེངས་ཁྲི་7ལྷག་ཙམ་ཞུགས་ཡོད་པ་རེད།

    གངས་ལྗོངས་ས་མཐོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་རྣམ་པར་བཀྲ་ཞིང་། སློབ་གྲྭ་ནས་སྤྱི་ཚོགས་བར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་རྒྱ་ཁྱབ་དང་གཏིང་ཟབ་བྱུང་ནས་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གྲོང་ཁྱེར(ས་ཁུལ)དུ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་རྩ་བ་བརྟན་པོར་ཚུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།