དྲ་འཕྲིན་སྡེ་ཚན་གྱིས་དེབ་ཆུང་དམར་པོའི་ལས་སྟེགས་ཀྱིས་དྲ་རྒྱའི་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གྱོད་གཞིར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།
ཚེས་11ཉིན། གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། དེབ་ཆུང་དམར་པོའི་ལས་སྟེགས་ཀྱིས་ཆ་འཕྲིན་ནང་དོན་གྱི་དོ་དམ་བྱེད་པོའི་འགན་འཁྲི་དོན་འཁྱོལ་མི་བྱེད་པར། འཚོལ་བཤེར་མང་ཤོས་བྱེད་པའི་ནང་དོན་གྱི་ལྷུ་ཚིགས་གལ་ཆེན་དུ་གྲགས་ཅན་མི་སྣའི་སྒེར་གྱི་གནས་ཚུལ་དང་ལས་ཀ་ཆུང་ཙག་སྦིར་བསྒྲགས་བཟོ་བའི་རིགས་སོགས་ཚུལ་མིན་གྱི་ཆ་འཕྲིན་ནང་དོན་ཡང་ཡང་ཐོན་ཏེ། དྲ་རྒྱའི་ཁོར་ཡུག་ལ་གཏོར་བཤིག་བཏང་བའི་གནད་དོན་ལ་དམིགས་ནས། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་ལ་མཛུབ་ཁྲིད་བྱས་ཏེ《དྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་ཁོར་ཡུག་བཅོས་སྒྲིག་གཏན་འབེབས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། དེབ་ཆུང་དམར་པོའི་ལས་སྟེགས་ལ་སྐོང་འདྲི་དང་། དུས་བཅད་ལྟར་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་བ། ཐ་ཚིག་སྒྲོག་པ། འགན་འཁུར་བར་ཐག་གཅོད་ནན་པོ་བྱེད་པ་སོགས་ཀྱི་ཆད་གཅོད་བྱ་ཐབས་སྤྱད་ཡོད།
དྲ་འཕྲིན་སྡེ་ཚན་གྱིས་དྲ་རྒྱའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་མངོན་གསལ་དོད་པའི་གནད་དོན་ལ་རྒྱུན་མཐུད་དམིགས་ཏེ། དྲ་རྒྱའི་ཁྲིམས་སྒྱུར་གྱི“རལ་གྲི་རྣོན་པོའི”ནུས་པ་བཏོན་ནས། དྲ་ཚིགས་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་བར་སྐུལ་འདེད་གཏོང་བ་དང་དྭངས་གསལ་དྲ་རྒྱའི་བར་སྟོང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།