དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་དམངས་འཚོའི་ཁྱབ་ཁོངས་སུ་ནོར་སྲིད་ནས་བཏང་བའི་མ་དངུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་70%ཡན་བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-14

    ཟླ་9ཚེས་12ཉིན་གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། རྒྱལ་ཁབ་ནོར་སྲིད་ཀྱི་དམངས་འཚོའི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་པ་དང་། དམངས་འཚོའི་ཁྱབ་ཁོངས་སུ་ནོར་སྲིད་ནས་བཏང་བའི་མ་དངུལ་གྱིས་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོའི་70%ཡན་བཟུང་ནས་མི་སེར་གྱི་ལུས་ཐོག་ཏུ་མ་དངུལ་དེ་བས་མང་བ་ཐད་ཀར་སྤྱོད་ཐུབ་པ་བྱུང་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནང་སློབ་གསོར་སྒོར་དུང་ཕྱུར་ཁྲི་20.5དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ལ་སྒོར་དུང་ཕྱུར་ཁྲི་19.6 འཕྲོད་བསྟེན་བདེ་ཐང་ལ་སྒོར་དུང་ཕྱུར་ཁྲི་10.6 སྡོད་ཁང་འགན་སྲུང་ལ་སྒོར་དུང་ཕྱུར་ཁྲི་4བཅས་བཀོད་སྒྲིག་བྱས་ཁར། ཁྱབ་ཁོངས་གཞན་དག་གི་འགྲོ་གྲོན་བསྣན་ན་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་100ཙམ་ཟིན་ཡོད།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འདི་ལོ་རྒྱལ་ཁབ་ནོར་སྲིད་ནས་ཕྲུ་གུ་གསོ་བའི་ཁ་གསབ་སྒོར་དུང་ཕྱུར་1000དང་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་གྱིས་ཁྱབ་སྤེལ་གཏོང་བར་སྒོར་དུང་ཕྱུར་200བཀོད་སྒྲིག་བྱས་ནས་མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་ཧུར་ཐག་བསློགས་ཡོད།

    དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་སྲིད་ཇུས་དང་ཐོན་ཁུངས་ཐད་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་གཞི་ཁྱོན་2021ལོའི་སྒོར་དུང་ཕྱུར་ཁྲི་1.9ནས་2025ལོའི་སྒོར་དུང་ཕྱུར་ཁྲི་2.7བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་9.6%ཟིན་ནས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་སྤྱིར་ན་དོ་སྙོམས་ཡོང་བའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་སྐུལ་འདེད་བཏང་ཡོད།

    དབུལ་ལོག་གི་མཐའ་ཚད་དེ་བས་བརྟན་པོར་སྲུང་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་དེ་བས་བརྟན་དུ་གཏོང་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་གྱི་གཞི་ཁྱོན་2021ལོའི་སྒོར་དུང་ཕྱུར་1565ནས་2025ལོའི་སྒོར་དུང་ཕྱུར་1770བར་མཐོ་རུ་བཏང་བ་དང་། ལོ་5ཡི་དངུལ་འབོར་སྒོར་དུང་ཕྱུར་8505ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་སྒོར་དུང་ཕྱུར་3200འཕར་ནས་འཕར་ཚད་60%ཟིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།