དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ལས་གྲྭའི་ལག་རྩལ་རོགས་སྐྱོར་རྣམ་གྲངས་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-09-14

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ལས་གྲྭའི་ལག་རྩལ་རོགས་སྐྱོར་རྣམ་གྲངས་དེ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་དེས་ཆུའི་ཁོར་ཡུག་དང་རླུང་ཁམས་ཆེན་པོའི་ཁོར་ཡུག་བཅོས་སྐྱོང་ཕྱོགས་བསྡུས་འཆར་འགོད་ལྟེ་བར་བྱས་པ་དེའི་དམིགས་ཡུལ་ནི། ལོ་སིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྤྱི་པའི་ཐོན་རྫས་ཀྱིས་ཀྲུང་གོ་དང་ལོ་སིའི་དམངས་ཚོགས་དེ་བས་མང་བར་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་རེད།

    ཀྲུང་གོས་ལོ་སིར་རོགས་སྐྱོར་བྱེད་པའི་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ལས་གྲྭའི་ལག་རྩལ་རོགས་སྐྱོར་རྣམ་གྲངས་ནི་ཀྲུང་གོ་ཕྱོགས་ཀྱིས“ལོ་སིར་རོགས་སྐྱོར་བྱེད་པའི་ལས་གྲྭ་ཆེན་པོ་བརྒྱད”ཀྱི་རྣམ་གྲངས་ཀྱི་གྲས་ཤིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེས་འབྱུང་འགྱུར་ལོ་གསུམ་ནང་རྒྱལ་ཁབ་ཀྱི་ལག་རྩལ་རོགས་སྐྱོར་བྱེད་སྟངས་བརྒྱུད། ལོ་སིར་ཆུའི་ཁོར་ཡུག་ཕྱོགས་བསྡུས་དོ་དམ་ཇུས་གཞི་དང་རླུང་ཁམས་ཆེན་པོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་མ་ལག་འཛུགས་པའི་ཇུས་གཞི་བཟོ་རྒྱུ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་དང་རླུང་ཁམས་ཆེན་པོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དཔེ་སྟོན་ལྷན་སྦྱར་བྱ་རྒྱུ་མ་ཟད། ཁོར་ཡུག་ཁྱབ་ཁོངས་ཀྱི་མི་སྣ་མི་ཐེངས་2600ཡི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།