ཀྲུང་གོས་སྐྲུན་རོགས་བྱས་པ།
ཆ་ཏེ་ཨིན་ཅ་མེ་ན་ལུས་རྩལ་ཐང་དུ་རྒྱལ་སྤྱིའི་འགྲན་བསྡུར་ཐེངས་དང་པོ་བྱས་པ།
འདི་ནི་ཀྲུང་གོས་སྐྲུན་རོགས་བྱས་པའི་ཆ་ཏེ་ཨིན་ཅ་མེ་ན་ལུས་རྩལ་ཐང་ཡིན་པ།
ཉེ་ཆར། ཀྲུང་གོས་སྐྲུན་རོགས་བྱས་པའི་ཆ་ཏེ་ཨིན་ཅ་མེ་ན་ལུས་རྩལ་ཐང་ཕྱི་ཕྱོགས་སུ་སྒོ་མོ་ཐེངས་དང་པོ་ཕྱེ་ནས། ཆ་ཏེ་རུ་ཁག་དང་ཀག་ན་རུ་ཁག་གི་འཛམ་གླིང་བུམ་པའི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐྲུན་རོགས་བྱས་པའི་ཆ་ཏེ་ཨིན་ཅ་མེ་ན་ལུས་རྩལ་ཐང་ནི་ཀྲུང་གོ་དང་ཆ་ཏེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། དེ་ནི་ཧྲའན་ཤིས་ཞིང་ཆེན་འཛུགས་སྐྲུན་བཟོ་ལས་ཚོགས་པས་སྐྲུན་འགན་ཁུར་བ་ཞིག་རེད། ལུས་རྩལ་ཐང་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3.3ཡོད་པ་དེར་ལྟད་མོ་བ་ཁྲི་3ཤོང་གི་ཡོད།
འབྲེལ་ཡོད་གསར་འགྱུར།