ཟླ་བ་དང་པོ་ནས་བདུན་པའི་བར་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.91ཟིན་པ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། བོད་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་སྟེ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་10.91ཟིན་པ་དེས་དུས་མཚུངས་ཀྱི་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་22.2%བཟུང་བ་དང་། ཁྲལ་སྲུང་ཁུལ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1.18ཟིན་ནས་དུས་མཚུངས་ལས་126.92%འཕར་ཏེ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
བསྡོམས་རྩིས་ལས་མངོན་པར། ཟླ་བ་དང་པོ་ནས་བདུན་པའི་བར། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1.18ཟིན་ཏེ་2023ལོའི་ལོ་ཧྲིལ་པོའི་སྤྱི་འབོར་ལས་བརྒལ་བ་དང་། འགག་སྒོ་ལས་ཁུངས་སུ་ཐོ་བཀོད་པའི་ཁེ་ལས་རིམ་རྩིས་བརྒྱབ་ན་56ཟིན་པའི་ཁྲོད་གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་མཁན་དཀྱུས་མའི་ཚོད་ལྟ་བྱ་ཡུལ་ཁེ་ལས་7ཡོད་པ་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་འཕེལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།