མཚོ་སྔོན་ས་མཐོའི་མར་སུན་འགྲན་རྒྱུག་འགོ་འཛུགས་རྒྱུ་ཡིན་པ།
2025ལོའི་མཛེས་པའི་མཚོ་སྔོན་ས་མཐོའི་མར་སུན་འགྲན་རྒྱུག་ཟླ་9ཚེས་14ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འགོ་འཛུགས་རྒྱུ་རེད། སྐབས་འདིའི་འགྲན་བསྡུར་ནང་ལམ་ཐག་ཧྲིལ་པོའི་མར་སུན་དང་། ལམ་ཕྱེད་མར་སུན། སྤྱི་ལེ་6གི་བདེ་ཐང་རྒྱུག་ཤར་བཅས་རྣམ་གྲངས་3བཙུཌ་པར་ཞུགས་མཁན་མི་གྲངས་ཁྲི་2ཟིན་རྒྱུ་རེད།
འགྲན་བསྡུར་དེ་ནི་ཟི་ལིང་གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་དང་རང་བྱུང་མཛེས་ལྗོངས་བརྒྱུད་དགོས་པས་རྒྱུག་ཤར་གློད་མཁན་གྱིས་རྩལ་འགྲན་པ་དང་ཆབས་ཅིག་ཟི་ལིང་གི་མི་ཆོས་རིག་གནས་ཀྱི་ས་ཁམས་མཚོན་རྟགས་དང་། གྲོང་ཁྱེར་སྤྱི་གླིང་། ཆུ་ངོགས་སྤང་ལྗོངས་སོགས་མྱོང་རོལ་ཐུབ་ཀྱི་ཡོད། འགྲན་བསྡུར་བྱེད་རིང་ད་དུང་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་དང་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་སོགས་འཛད་སྤྱོད་བྱེད་རྣམ་སྣ་མང་བཏོན་ནས“ལུས་རྩལ+”ཐོན་ལས་འཁོར་འབྲེལ་རྒྱ་སྐྱེད་ཀྱིས་མི་དེ་བས་མང་བར་མཛེས་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་མི་ཆོས་རིག་གནས་ཀྱི་མཛེས་པ་མྱོང་ཚོར་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།