དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་ཐོག་བར་ཐག་རིང་ཤོས་ཀྱི་ལྡིང་ཟམ་ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན་སྟེང་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-13

    ཟླ་9ཚེས་9ཉིན། ཅང་སུའུ་རུ་ཡོད་པའི་ཁྲང་ཐའེ་འབྲི་ཆུ་ཟམ་ཆེན་སྟེང་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཅིང་། ཟམ་ཆེན་གྱི་གཙང་སྒྲོལ་དུམ་བུའི་རིང་ཚད་ལ་སྤྱི་ལེ་10.03ཟིན་པ་དང་། དེའི་ནང་གཞུང་ལམ་དང་ལྕགས་ལམ་མཉམ་སྐྲུན་གྱི་དུམ་བུའི་རིང་ཚད་ལ་སྤྱི་ལེ་5.3ཟིན་པ། དེ་གྲུ་ལམ་གཙོ་བོ་ལས་བརྒལ་བའི་ཚངས་ཐིག་སྨི་1208ཟིན་པའི་ལྕགས་ཀྱི་ཏལ་གདུང་ལྡིང་ཟམ་གཅིག་དང་། ཆེད་སྤྱོད་གྲུ་ལམ་ལས་བརྒལ་བའི་ཚངས་ཐིག་སྨི་388ཟིན་པའི་ལྕགས་ཀྱི་ཏལ་སྒྲོམ་གཞུ་ཟམ་གཉིས། སྨི་3x124ཡི་གྲུ་ལམ་མིན་པའི་ལྕགས་ཀྱི་ཏལ་གདུང་ལྡིང་ཟམ་གཅིག་བཅས་ལས་གྲུབ་ཡོད། ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན་ལ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁྲང་ཀྲོའུ་དང་ཐའེ་ཀྲོའུ་ས་གནས་གཉིས་དབར་གྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་1དང་སྐར་མ་20ནས་སྐར་མ་20ཡས་མས་ཐུང་དུ་འགྲོ་རྒྱུ་རེད། འདི་ནི་ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།