འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་མཁན་འཕྲུལ་སྒུལ་འཁོར་རིཌ་དུང་ཕྱུར་3.72ཟིན་པ།
ཉིན་ཤས་གོང་གསར་འགོད་པར་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འགན་བཅོལ་ལས་རིགས་ལ་འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་བའི་འགན་ལེན་ཞབས་ཞུའི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱས་པས། འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ཏེ་2024ལོར་འགན་བཅོལ་ནང་ཞུགས་མཁན་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་3.72ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་བའི་ཉེན་ཁ་འགན་ལེན་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། ན་ནིང་འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་བའི་འགན་ལེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་74.3ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད། ན་ནིང་གྱོང་གུན་སྒོར་དུང་ཕྱུར་2262.8གསབ་པ་དེ་དུས་མཚུངས་ལས་11.6%འཕར་ཡོད། དེ་དང་ཆབས་ཅིག་འགན་བཅོལ་ལས་རིགས་ཀྱིས་གནོད་སྐྱོན་ཚབས་ཆེན་ཕོག་པའི་རླངས་འཁོར་གྱི་གྱོང་གུན་རྩད་གཅོད་ངོས་འཛིན་བྱེད་པ་དང་དབྱེ་བ་མེད་པའི་རོགས་སྐྱོབ་སོགས་ཀྱི་ལམ་སྲོལ་ནུས་ལྡན་ངང་གང་ལེགས་སྤྱད་ནས་གནོད་འཚེའི་ལས་འཛོལ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་ཏན་ཏིག་ཞུས་ཡོད།
འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་མཁན་རླངས་འཁོར་ཚང་མའི་འགན་བཅོལ་ཞུ་གྲོན་སྤྱིར་ན་བརྟན་པོ་ཡོད་པ་དང་ན་ནིང་འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་མཁན་རླངས་འཁོར་ཚང་མའི་འགན་བཅོལ་ཞུ་གྲོན་སྒོར་762.5ཟིན་པ་དེ་དུས་མཚུངས་ལས་0.3%འཕར་ཡོད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འགན་བཅོལ་ལས་རིགས་ལ་འགྲིམ་འགྲུལ་བཙན་ཤེད་འགན་བཅོལ་འཇལ་བའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་བཏང་ནས་འགན་བཅོལ་ལས་རིགས་ཀྱི་དཔལ་འབྱོར་འཕར་བ་དང་སྤྱི་ཚོགས་བརྟན་ལྷིང་གི་ནུས་པ་དེ་བས་ལེགས་པའི་ངང་འདོན་པར་མཛུབ་ཁྲིད་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།