རང་རྒྱལ་དུ་འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་ཁག་བཞི་མང་དུ་ཕྱིན་པ།
འདི་ནི་ཡུན་ནན་ཡོན་དབྱང་ཧ་ཉི་སྐས་ཞིང་ཡིན་པ།
འདི་ནི་ཅང་སུའུ་ཅུས་རུང་ཁྲི་ཧྲན་ཆུ་འདྲེན་ལས་གྲྭ་ཡིན་པ།
འདི་ནི་པེ་ཅིང་གི་མན་ཐུའོ་ཀོའུ་ཡུང་ཏིང་གཙང་པོའི་གནའ་བོའི་ཆུ་ཡུར་གྱི་ཆུ་འདྲེན་ལས་གྲྭའི་ཏིང་ཅ་ཐན་ཆུ་ཡུར་ཡིན་པ།
འདི་ནི་སི་ཁྲོན་ཕེང་ཀྲོའུ་ཡི་ཅན་ཅང་ཡན་ཡིན་པ།
ཟླ་9ཚེས་10ཉིན་གྱི་སྔ་དྲོ། མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་འཚོགས་པའི་རྒྱལ་སྤྱིའི་ཆུ་འདྲེན་འབུད་ཨུ་ལྷན་གྱི་རྒྱལ་སྤྱིའི་ལས་སྒྲུབ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་དོན་དྲུག་པའི་ཐོག 2025ལོའི(ཁག་བཅུ་གཉིས་པ)འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་པ་དང་། རང་རྒྱལ་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་ཡུན་ནན་ཡོན་དབྱང་ཧ་ཉི་སྐས་ཞིང་དང་། ཅང་སུའུ་ཡི་ཅུས་རུང་ཁྲི་ཧྲན་ཆུ་འདྲེན་ལས་གྲྭ སི་ཁྲོན་ཕེང་ཀྲོའུ་ཡི་ཅན་ཅང་ཡན། པེ་ཅིང་གི་མན་ཐུའོ་ཀུའོ་ཡུང་ཏིང་གཙང་པོའི་གནའ་བོའི་ཆུ་ཡུར་གྱི་ཆུ་འདྲེན་ལས་གྲྭ་བཅས་བཞི་བདེ་བླག་ངང་མིང་ཐོའི་ནང་ཚུད་པ་རེད། དེས་ན་རང་རྒྱལ་དུ་འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་བསྡོམས་འབོར་42ཟིན་གྱི་ཡོད་པ་རེད།
འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་མིང་གཞུང་2014ལོར་བཙུགས་ཤིང་། རང་རྒྱལ་གྱི་ལོ་རྒྱུས་ཐོག་གྲངས་འབོར་མང་ཤོས་དང་། རིགས་མང་ཤོས། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་བཅས་ཀྱི་ཆུ་འདྲེན་ལས་གྲྭ་བསྐྲུན་ནས་མུ་མཐུད་ནུས་པ་འདོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།