“མཁའ་དབྱིངས་ཀྱི་བོད་ལྗོངས། ཁྲུང་ཁྲུང་གི་སྐད་སྙན”ཞེས་པའི་ཁྲུང་ཁྲུང་སྐེ་ནག་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་འགྲེམས་སྟོན་འགོ་ཚུགས་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི“མཁའ་དབྱིངས་ཀྱི་བོད་ལྗོངས། ཁྲུང་ཁྲུང་གི་སྐད་སྙན”ཞེས་པའི་ཁྲུང་ཁྲུང་སྐེ་ནག་བརྗོད་དོན་གཙོ་བོར་བྱས་པའི་པར་རིས་འགྲེམས་སྟོན་བོད་ལྗོངས་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་པར་རིས་བརྩམས་ཆོས་རྩེ་གྲ་ཁྱོན་150འགྲེམས་སྟོན་བྱས་ཤིང་། ཀྲོང་ངེར་ལངས་པའི་ཁྲུང་ཁྲུང་དང་། གར་ལ་རྩེན་པའི་ཁྲུང་ཁྲུང་། ཅི་དགར་རོལ་བའི་ཁྲུང་ཁྲུང་། འཕུར་ལྡིང་བྱེད་པའི་ཁྲུང་ཁྲུང་སོགས་ཁྲུང་ཁྲུང་སྐེ་ནག་གི་ཡིད་དབང་འཕྲོག་པའི་སྣ་མང་ཉམས་འགྱུར་དང་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཕྱོགས་ཡོངས་ནས་མངོན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་རི་མོ་ཞིག་མངོན་པར་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་འགྲེམས་སྟོན་གྱི་དམིགས་ཡུལ་ནི“ས་མཐོའི་གཅེས་ནོར”ཁྲུང་ཁྲུང་སྐེ་ནག་མཚམས་སྦྱོར་དུ་བྱས་ནས“རིག་གནས་ཡུལ་སྐོར་དང་སྐྱེ་ཁམས་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། ཐུན་མོང་མ་ཡིན་པའི་ས་མཐོའི་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཏོད་ཆེད་རེད།
འབྲེལ་ཡོད་གསར་འགྱུར།