དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛམ་གླིང་གི་ས་མཐོའི་ཆུ་གློག་འཕྲུལ་ཙུའུ་ཡི་ཐོན་ལས་ཞིབ་འཇུག་རྟེན་གཞི་ཐོག་མ་ཉིང་ཁྲིར་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-13

    ཟླ་9ཚེས་11ཉིན། འཛམ་གླིང་ཐོག་གི་ས་མཐོའི་ཆུ་གློག་འཕྲུལ་ཙུའུ་ཡི་ཐོན་ལས་ཞིབ་འཇུག་རྟེན་གཞི་ཐོག་མ་སྟེ། ཤར་ཕྱོགས་གློག་རླངས་བོད་ལྗོངས་ཉིང་ཁྲིའི་ཐོན་ལས་ཞིབ་འཇུག་རྟེན་གཞི་དངོས་སུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དེས་རྒྱལ་ཁབ་ཆུ་གློག་གསར་སྤེལ་གྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། ཆུ་སྣ་མཐོ་ཞིང་ཤོང་ཚད་མང་བའི་ཆུ་གློག་འཕྲུལ་ཙུའུ་ཆེན་པོ་རང་བརྟེན་ཞིབ་སྤེལ་དང་ལས་གྲྭར་བཀོལ་སྤྱོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ཤར་ཕྱོགས་གློག་རླངས་བོད་ལྗོངས་ཉིང་ཁྲི་ཐོན་ལས་ཞིབ་འཇུག་རྟེན་གཞི་ནི་ཀྲུང་དབྱང་ཁེ་ལས་དང་། ས་གནས་སྲིད་གཞུང་། ཚན་ཞིབ་ཁང་བཅས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་དང་དེས་བོད་ཀྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་བསྐྲུན་པ་དང་། ཐོན་སློབ་ཞིབ་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཡུལ་དེ་རང་གི་ཆུ་གློག་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།