དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ་9ཚེས་14ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-13

    ཉེ་ཆར། གསར་འགོད་པར་2025ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་དང་ལྷ་སའི་ལམ་ཕྱེད་མར་སུན་འགྲན་བསྡུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ཟླ་9ཚེས་14ཉིན་གྱི་སྔ་དྲོར་ལྷ་སར་དངོས་སུ་འགོ་འཛུགས་རྒྱུ་ཡིན་ཞིང་། ཉིན་དེར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པ་600ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།

    2025ལོའི་ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ་ནི་ཀྲུང་གོ་རྐང་འཁོར་ལུས་རྩལ་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་། ཆུ་ཤུར་རྫོང་མི་དམངས་སྲིད་གཞུང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།