དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་གི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞིའི་སྐོར་གྱི་མཆན་བཀོད་བཀའ་ལན》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་གི་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་བཀོད་སྒྲིག་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞིའི་སྐོར་གྱི་མཆན་བཀོད་བཀའ་ལན》བཀྲམ་ཞིང་། དེ་ཉིན་ནས་བཟུང་ལོ་གཉིས་ནང་པེ་ཅིང་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་དང་། ཅང་སུའུ་ལྷོ་རྒྱུད་ཀྱི་གཙོ་གནད་གྲོང་ཁྱེར། ཧང་ཡུང་དབུན། ཧོ་ཧྥེའི་གྲོང་ཚོམས་སོགས་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་10བཀོད་སྒྲིག་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུར་མོས་མཐུན་བྱས་པ་དང་། འབྲེལ་ཡོད་ལག་བསྟར་ཇུས་གཞིར་རྩ་དོན་ཐོག་མོས་མཐུན་བྱས་པ་མ་ཟད། ཇུས་གཞིའི་ནང་དོན་ཆ་ཚང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་རེད།

    མཆན་བཀོད་བཀའ་ལན་ནང་བླང་བྱ་བཏོན་དོན། ཇུས་གཞི་ལག་བསྟར་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་སྣེ་ཁྲིད་དུ་བྱེད་པ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོ་རང་མོས་འཁོར་རྒྱུག་དང་ནུས་ཆེའི་བཀོད་སྒྲིག་ལ་འགལ་རྐྱེན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ལ་ཁྲིམས་བཞིན་འདྲ་མཉམ་ངང་ཐོན་སྐྱེད་གཙོ་རྒྱུ་བེད་སྤྱོད་དང་། དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ལ་ཞུགས་པ། གཅིག་མཚུངས་ངང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་པ། རྒྱུ་རྐྱེན་གཙོ་བོའི་སྤུས་ཚད་རིམ་བཞིན་མཐོ་རུ་འགྲོ་བ་དང་། ཐོན་སྐྱེད་གཙོ་རྒྱུ་འཁོར་རྒྱུག་ཤར་བགྲོད། ཐོན་ཁུངས་སྣ་ཚོགས་བཀོད་སྒྲིག་ནུས་ཆེ། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་གང་ལེགས་འདོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་བཅས་བྱ་ཆེད་འདེགས་སྐྱོར་བརྟན་པོ་བྱེད་དགོས།

    མཆན་བཀོད་བཀའ་ལན་ནང་ཁ་གསལ་བསྟན་དོན། འབྲེལ་ཡོད་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས། རྒྱུ་རྐྱེན་གཙོ་བོ་མཐུན་སྦྱོར་བཀོད་སྒྲིག་ཟབ་ཏུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ་། ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལེགས་སུ་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དམིགས་ཚད་ལ་གཞིགས་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་དོན་དངོས་ལ་གཞིགས་པ། རིགས་དབྱེ་ཇུས་འདོན་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ལས་ཀའི་གཙོ་གནད་དང་། ལས་འགན་ཁག་བགོས། གྲུབ་འབྲས་རྣམ་པ་བཅས་ཁ་གསལ་བཟོ་བ། རྒྱབ་སྐྱོར་དང་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས། ས་གནས་དེ་གའི་གནས་ཚུལ་དངོས་དང་ལས་རྣམ་གསར་པ་དང་ཁྱབ་ཁོངས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ། ཡུལ་བབ་དང་བསྟུན་ནས་བློ་ཁོག་ཆེན་པོས་གསར་གཏོད། ཁྱད་པར་ཅན་གྱི་སྒྱུར་བཅོས་འཚོལ་ཞིབ་བཅས་བྱས་ཏེ། ཚོད་ལྟའི་ཕན་འབྲས་ལ་དུས་ཐོག་ཏུ་རྗེས་འདེད་ཚོད་སྐོར་དང་། ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། དོན་གནད་གལ་ཆེན་དུས་ཐོག་ཏུ་དགོངས་སྐོར་དང་སྙན་སེང་ཞུ་དགོས།

    མཆན་བཀོད་བཀའ་ལན་ནང་ནན་བཤད་བྱས་དོན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་སྤྱི་འདོམས་མཐུན་སྦྱོར་དང་མཛུབ་ཁྲིད་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཚོད་ལྟའི་ས་ཁུལ་ལ་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་དང་མཛུབ་ཁྲིད་ཧུར་ཐག་དང་། ཉེན་ཁ་དོ་དམ་ཚོད་འཛིན་དང་ཁ་གཏད་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པ། ལམ་ལུགས་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་བསྡུ་ལེན། འདྲ་བཟོས་དང་ཁྱབ་གདལ་རུང་བའི་ཉམས་མྱོང་དང་བྱ་ཐབས་ཆགས་པ་བཅས་བྱས་ཏེ་སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།