དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་19.4ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    ཟླ་9ཚེས་10ཉིན། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་རང་རྒྱལ་གྱིས་ཐོན་ཁུངས་བདེ་འཇགས་འགན་ལེན་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གོམ་སྟབས་བརྟན་པོ་སྤོས་ཤིང་། ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་19.4ཟིན་པ་དེ་2020ལོ་ལས་མུའུ་ཁྲི་2800འཕར་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོར་བསྲུངས་ཡོད།

    ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ནགས་ས་དང་། སྤང་ལྗོངས། འདམ་ར་བཅས་མུའུ་དུང་ཕྱུར་42.53དང་། མུའུ་དུང་ཕྱུར་39.12 མུའུ་དུང་ཕྱུར་8.34བཅས་སོ་སོར་ཟིན་ཡོད། རྒྱལ་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་25.09%ཟིན་པ་དེ་2020ལོ་ལས་བརྒྱ་ཆའི་གྲངས་2ཙམ་མཐོ་རུ་ཕྱིན་ནས་རང་རྒྱལ་ནི་ལྗང་མདོག་སྐྲུན་མང་ཤོས་དང་སྐྲུན་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།