C909རྟགས་ཅན་སྨན་བཅོས་གནམ་གྲུ་ཐོག་མ་རྩིས་སྤྲོད་བྱས་པ་དང་ཚད་གཞིའི་མཁའ་འགྲུལ་ལམ་ཐག་སྤྱི་ལེ་3700ཟིན་པ།

འདི་ནི་C909རྟགས་ཅན་གྱི་སྨན་བཅོས་གནམ་གྲུ་ཡིན་པ།
གསར་འགོད་པར་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་9ཉིན། C909རྟགས་ཅན་སྨན་བཅོས་གནམ་གྲུ་ཐོག་མ་དེ་ཧོ་ནན་ཀྲེང་ཀྲོའུ་རུ་ཀྲུང་གོ་ཧྥེ་ལུང་ཡོངས་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སིར་རྩིས་སྤྲད་པ་དང་། གནམ་གྲུ་དེ་རྩིས་སྤྲད་རྗེས། ཛ་དྲག་རོགས་སྐྱོབ་དང་། རྒྱང་བསྟེན་སྨན་བཅོས། ནད་ལྕིའི་ནད་པ་བརྒྱུད་སྐྱེལ་སོགས་ཀྱི་ལས་འགན་སྒྲུབ་པར་སྤྱོད་རྒྱུ་རེད།
C909རྟགས་ཅན་སྨན་བཅོས་གནམ་གྲུའི་ཇུས་འགོད་ཤོང་ཚད་ཏུན་10དང་ཚད་གཞིའི་མཁའ་འགྲུལ་ལམ་ཐག་སྤྱི་ལེ་3700ཟིན་ཞིང་། ས་མཐོའི་མཐོ་བའི་གནམ་ཐང་དུ་འཕུར་འབབ་བྱེད་པའི་ནུས་པ་ལྡན་ཡོད། གནམ་གྲུའི་ནང་རོགས་སྐྱོབ་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་ནས་སྟབས་བསྟུན་བཟོ་བཅོས་བཀོད་སྒྲིག་བྱས་ཆོག་པས་སྨན་བཅོས་རོགས་སྐྱོབ་རུ་ཁག་ཕྱིར་སྐྱོད་དང་། ཐག་རིང་ལུང་ཁུག་ས་ཁུལ་དུ་སྨན་བཅོས་རོགས་སྐྱོབ། རྨས་མ་དང་ནད་པ་བརྒྱུད་སྐྱེལ་སོགས་ཀྱི་དགོས་མཁོ་སྐོང་ཐུབ།
འབྲེལ་ཡོད་གསར་འགྱུར།