ཟླ་10ཚེས་1ཉིན་ནས་བཟུང་ལྕགས་ལམ་འགྲུལ་སྐྱེལ་ལ་གློག་རྡུལ་འཛིན་ཤོག་ཕྱོགས་ཡོངས་ནས་སྤྱོད་རྒྱུ་ཡིན་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་ཁྱབ་ཁོངས་སུ་གློག་རྡུལ་འཛིན་ཤོག་ཕྱོགས་ཡོངས་ནས་སྤྱོད་རྒྱུ་དང་ཤོག་ཐོག་རྩིས་ཞུའི་དཔང་ཡིག་མཁོ་འདོན་མི་བྱེད་པར“ལམ་ཐག་ཆ་འཕྲིན་གྱི་དྲན་སྐུལ་འཛིན་ཤོག”པར་འདེབས་ཞབས་ཞུ་མུ་མཐུད་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག དྲ་ཕྱི་ནས་གློག་རྡུལ་འཛིན་ཤོག་རེ་ཞུའི་ཐབས་ལམ་དང་སྤ་སེ་ཉོ་མཁན(ཚབ་གཉེར་བ)གྱིས་འཛིན་ཤོག་ལེན་པའི་ཞབས་ཞུ་མང་དུ་གཏོང་རྒྱུ་རེད།
རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་སྐྱེལ་ཁྱབ་ཁོངས་སུ་གློག་རྡུལ་འཛིན་ཤོག་ཕྱོགས་ཡོངས་ནས་སྤྱད་རྗེས། འགྲུལ་པའི་འགྲུལ་བཞུད་མཇུག་འགྲིལ་བའམ་ཡང་ན་སྤ་སེ་ཕྱིར་སློག་དང་སྤ་སེ་བསྒྱུར་བའི་ལས་སྒོ་གཉེར་བའི་ཉིན་ནས་བཟུང་ཉིན་180ཡི་ནང་ལྕགས་ལམ་གྱི་12306ལས་སྟེགས་སམ་ཡང་ན་མེ་འཁོར་འབབ་ཚུགས་ཀྱི་སྤ་སེ་འཚོང་སའི་སྐར་ཁུང་དང་རང་འགུལ་སྤ་སེ་འཚོང་འཕྲུལ་བརྒྱུད་གློག་རྡུལ་འཛིན་ཤོག་རེ་ཞུ་བྱེད་ཆོག རྒན་རྒོན་སོགས་བཀོལ་སྤྱོད་སྟབས་བདེ་མེད་པའི་འགྲུལ་པ་ཚོས་གློག་རྡུལ་འཛིན་ཤོག་ལེན་པར་སྟབས་བདེ་སྐྲུན་ཆེད། ལྕགས་ལམ་སྡེ་ཚན་གྱིས་དྲ་ཕྱིའི་རེ་ཞུའི་ཐབས་ལམ་དང་སྤ་སེ་ཉོ་མཁན(ཚབ་གཉེར་བ)གྱིས་འཛིན་ཤོག་ལེན་པའི་ཞབས་ཞུ་མང་དུ་གཏོང་རྒྱུ་རེད།
འགྲུལ་པས་དྲ་ཕྱིའི་རེ་ཞུའི་ཐབས་ལམ་སྤྱད་དེ་སྤ་སེ་ཉོ་སྐབས་སྤྱད་པའི་རང་གི་ནུས་ལྡན་ཐོབ་ཐང་ལག་ཁྱེར་ལ་བརྟེན་ཏེ་མེ་འཁོར་འབབ་ཚུགས་ཀྱི་སྤ་སེ་འཚོང་སའི་སྐར་ཁུང་དང་རང་འགུལ་སྤ་སེ་འཚོང་འཕྲུལ་ནས་གློག་རྡུལ་འཛིན་ཤོག་རེ་ཞུ་བྱེད་ཆོག་པ་དང་འབྲེལ་རྩ་གཉིས་ཨང་རྟགས་བཤེར་ནས་སྤ་སེ་ལེན་ཆོག་གི་ཡོད། འགྲུལ་པ་རང་ཉིད་དམ་ཡང་ན་གཞན་གྱིས་ལྕགས་ལམ་གྱི་12306གི་APPསྤྱད་དེ་རྩ་གཉིས་ཨང་རྟགས་བཤེར་ནས་སྤ་སེ་ལེན་རིགས་དགོས་མཁོ་ལྟར་འབྲེལ་ཡོད་ཆ་འཕྲིན་བསྐངས་ནས་ཞིབ་བཤེར་བདེ་བླག་བྱུང་རྗེས་གློག་རྡུལ་འཛིན་ཤོག་འཕྲལ་དུ་ལེན་ཆོག
འབྲེལ་ཡོད་གསར་འགྱུར།