དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་བརྒྱད་པར་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཅུང་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་སྤ་སེའི་གཞི་གྲངས་ལས་མངོན་པར། ཟླ་བ་བརྒྱད་པར་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་ཟླ་བ་བདུན་པ་ལས་བརྒྱ་ཆའི་གྲངས་0.9ཡིས་མགྱོགས་པ་དང་ཕྱོགས་མང་པོའི་བཀྲག་མདངས་མངོན་ཡོད།

    བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཞིང་། ཟླ་བ་བརྒྱད་པར་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཁེ་ལས་ཀྱི་སྤྱིའི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.5ཡིས་མགྱོགས་པ་དང་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ཀྱི་30.7%བཟུང་ནས་དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་རྒྱུན་མཐུད་བརྟན་དུ་ཕྱིན་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རྩེར་སོན་ཅན་དང་གྲངས་འཛིན་ཅན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཟླ་བ་བརྒྱད་པར་གོ་མཚོན་བཟོ་སྐྲུན་ལས་རིགས་དང་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་7.4%དང་9.6%སོ་སོར་འཕར་ཡོད།

    “མི་ཐབས་རིག་ནུས་+”ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཟླ་བ་བརྒྱད་པར་རྒྱལ་ཡོངས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་14.5%འཕར་ནས་ཅུང་འཕར་མགྱོགས་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། དཔེ་དབྱིབས་ཆེན་པོའི་ཚན་རྩལ་མཐོ་བའི་ཁེ་ལས་ཀྱིས་ལག་རྩལ་ཐད་ཚད་བརྒལ་ཡོང་ཚད་མགྱོགས་སུ་བཏང་སྟེ། རིག་ནུས་བཟོ་སྐྲུན་ལས་རིགས་ཁེ་ལས་སུ་AIལག་རྩལ་བཀོལ་སྤྱོད་ཡག་པོ་བྱེད་པར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་རིག་ནུས་ཅན་གྱི་འཕེལ་རྒྱས་ཆེད་རྒྱུན་མཐུད་སྒུལ་ནུས་བསྣན་ཡོད། ཟླ་བ་བརྒྱད་པར་བཟོ་ལས་ཀྱི་འཕྲུལ་མིའི་བཟོ་སྐྲུན་དང་། དམིགས་བསལ་ལས་སྒྲུབ་ཀྱི་འཕྲུལ་མིའི་བཟོ་སྐྲུན། ཞབས་ཞུ་འཛད་སྤྱོད་ཀྱི་འཕྲུལ་མིའི་བཟོ་སྐྲུན་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་12.6%དང་། 52.9% 64.2%སོ་སོར་འཕར་ཡོད།

    ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་འཕེལ་ཞིང་། ཟླ་བ་བརྒྱད་པར་གུང་གསེང་རིང་གི་ཕྱིར་སྐྱོད་ཡུལ་སྐོར་དང་སྤྲོ་གསེང་ལུས་རྩལ་གྱི་ཁྲིད་སྟོན་འོག་ཞབས་ཞུའི་འཛད་སྤྱོད་ཀྱི་ཚ་རླབས་ཆུང་དུ་མ་ཕྱིན་པར་ཟླ་བ་བདུན་པ་ཚུན་གྱི་འཕར་ཚད་ཡག་པའི་རྣམ་པ་རྒྱུན་མཐུད་ཐུབ་པ་དང་། དེའི་ནང་ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུ་དང་། སྤྲོ་གསེང་ལྟ་སྐོར་བྱེད་སྒོ ལུས་རྩལ་ཁང་གི་དོ་དམ་བཅས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་10.3%དང་། 16.9% 32.1%སོ་སོར་འཕར་བ་དང་། བཟའ་བཏུང་སྡེབ་སྐྱེལ་ཞབས་ཞུ་དང་དམངས་སྲོལ་གནས་ཚང་ཞབས་ཞུར་སྐུལ་ཁྲིད་ཐུབ་ནས་དུས་མཚུངས་ལས་9.3%དང་13%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།