དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེད་བཙུགས་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱས་ནས་ལོ་20ཡི་རིང་།

    རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་སློབ་གྲྭ་ཁྲི་3ལྷག་ཙམ་ལ་དགེ་རྒན་ཁྲི་118གདན་ཞུ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་དགེ་རྒན་གྱི་ཆེད་བཙུགས་ལས་གནས་ཀྱི་འཆར་གཞི་ལག་ལེན་བསྟར་ནས་ལོ་20ཡི་རིང་། རིམ་རྩིས་བརྒྱབ་ན་དབུས་ནུབ་ས་ཁུལ་གྱི་ཞིང་ཆེན་22དང་། རྫོང་1000ལྷག་ཙམ། གྲོང་གསེབ་ཀྱི་སློབ་གྲྭ་ཁྲི་3ལྷག་ཙམ་བཅས་ལ་དགེ་རྒན་ཁྲི་118གདན་ཞུ་བྱས་ནས། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།

    དབུས་ནུབ་ས་ཁུལ་གྱི་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཞིང་། ལོ་20ཡི་རིང་། ཆེད་བཙུགས་ལས་གནས་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ལ་ཡོངས་ཁྱབ་ཐུབ་པ་དང་ཆབས་ཅིག ལས་གནས་བཀོད་སྒྲིག་ཐད་དོན་དངོས་ལ་གཞིགས་ཏེ་རིམ་བཞིན་ལེགས་སྒྲིག་བྱས་ནས། དཀོན་ལ་ཞན་པའི་རིག་ཚན་གྱི་དགེ་རྒན་ཁ་གསབ་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཡོད།

    གྲངས་གཞི་ལས་མངོན་པར། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གྲོང་གསེབ(གྲོང་རྡལ་དང་ཆུས་ཚུད་མེད་པ)ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཆེད་འགན་འཛིན་མཁན་གྱི་དགེ་རྒན་ཁྱོན་བསྡོམས་ཁྲི་181.77ཡོད་པའི་ནང་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད་76.23%ཟིན་ཡོད། གླུ་གཞས་དང་། ལུས་རྩལ། མཛེས་རྩལ། ཚན་རིག་སོགས་དཀོན་ལ་ཞན་པའི་རིག་ཚན་གྱི་ཆེད་འགན་འཛིན་མཁན་གྱི་དགེ་རྒན་ཁ་གསབ་ཤུགས་ཆེན་ཐུབ་ནས་རྒྱལ་ཁབ་ཀྱི་སློབ་ཚན་ཆད་མེད་ཚང་འཁྲིད་མི་ཐུབ་པའི་དཀའ་གནད་ཞི་ལྷོད་དུ་བཏང་ཡོད།

    ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་རྒྱུན་གནས་ཐུབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་འབྲེལ་ཡོད་སྡེ་ཚན་གྱིས་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་ལ་ཞབས་འདེགས་ཞུ་རིང་གླ་ཕོགས་རང་བཞིན་གྱི་ཁ་གསབ་ཚད་གཞི་མཐོ་རུ་ཐེངས་མང་བཏང་ཡོད། སྐུལ་ལྕག་བྱེད་ཐབས་ཐད་གཏན་འབེབས་གཞིར་བཟུང་། ཞབས་ཞུའི་དུས་ཡུན་ཐིམ་པ་དང་དཔྱད་ཞིབ་ཚད་ལོན་གྱི་ཆེད་བཙུགས་ལས་གནས་ཀྱི་དགེ་རྒན་དེ་རིགས་ལོ་གསུམ་ནང་རྒྱལ་ཡོངས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་བསྡུའི་རྒྱུགས་ལེན་ནང་ཞུགས་པའི་ཐོག་མའི་རྒྱུགས་ལེན་གྱི་སྤྱིའི་སྐར་གྲངས་ལ་སྐར་མ་10བསྣན་པ་དང་། ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་བསྡུ་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།