པེ་ཅིང་གིས་རྒན་གསོའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་2666བསྐྲུན་ཟིན་པ།
གསར་འགོད་པར་ཚེས་9ཉིན་གཉེར་བའི་2025ལོའི་པེ་ཅིང་གི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་དུས་བཞི་ལྗང་གི་་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ལོ་མཇུག་བར། པེ་ཅིང་གྲོང་ཁྱེར་དུ་རྒྱུན་སྡོད་རྒན་རྒོན་ཁྱོན་མི་ཁྲི་514ཡོད་པ་དང་། མི་ཁྲི་500ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དེས་རྒྱུན་སྡོད་མི་འབོར་གྱི་23.5%བཟུང་ཡོད། རྒན་རྒོན་གྱི་དངོས་ཡོད་རྒན་གསོའི་དགོས་མཁོར་དམིགས་ནས་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་རྒན་གསོའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་2666བསྐྲུན་ཟིན་ནས་གཉེར་སྐྱོང་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅུ་ཆ་དགུ་ལས་བརྒལ་བའི་རྒན་རྒོན་ཁྲི་453.4ལ་ཁྱབ་ཡོད།
པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཀྲི་ཝུའེ་ཡིས་ངོ་སྤྲོད་བྱས་པར། མིག་སྔར་པེ་ཅིང་དུ་ཁྱོན་རྒན་གསོའི་སྒྲིག་གཞི་608ཐོ་འགོད་བྱས་པར་ཉལ་ཁྲི་ཁྲི་10.9ཡོད་པ་དང་། ས་ཁོངས་ཀྱི་རྒན་གསོའི་ལྟེ་གནས་105དང་། རྒན་གསོའི་ལྟ་སྐྱོང་ལྟེ་གནས་300ལྷག་ཙམ། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་ས་ཚིགས་1500ལྷག་ཙམ་བཅས་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད།
ལོ་80ཡན་གྱི་རྒན་རྒོན་གྱི་ཞབས་ཞུའི་དགོས་མཁོར་དམིགས་ནས། པེ་ཅིང་གིས་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་ཁྲི་2.8བཀོད་སྒྲིག་དང་གཉེར་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། ཁྱིམ་ཚང་གི་ལྟ་སྐྱོང་མཁན་ལ་དྲ་ཐོག་ནས་རོགས་རམ་བྱེད་པའི་བྱ་སྤྱོད་སྤེལ་ནས། རིམ་རྩིས་བརྒྱབ་ན་ནང་མི་དང་བུ་རྫི་སོགས་ཁྱིམ་ཚང་གི་ལྟ་སྐྱོང་མཁན་ཁྲི་4.3ལ་ཆེད་ལས་ཀྱི་རམ་འདེགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།