ཨན་ཧུའེ་ཡིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་གཏོང་སྤྲོད“གཅིག་འཐུས་རྣམ་པའི” ཞབས་ཞུའི་མ་ལག་བཙུགས་པ།
ཉེ་ཆར། ཀྲུང་གུང་ཨན་ཧུའེ་ཞིང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་བཀྲམ་པའི་བརྡ་ཐོའི་ནང་སྲིད་ཇུས་ཀྱི་གཏོང་སྤྲོད“གཅིག་འཐུས་རྣམ་པའི”ཞབས་ཞུའི་མ་ལག་བཙུགས་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི“རེ་ཞུ་མི་དགོས་པར་འཕྲལ་དུ་ལོངས་སྤྱོད་ཐུབ་པ”དང“རེ་ཞུ་བྱས་མ་ཐག་འཕྲལ་དུ་ལོངས་སུ་སྤྱོད་ཐུབ་པའི”ཞབས་ཞུའི་ཕན་ནུས་སྔར་བས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཁེ་ལས་ལ་ཕན་པའི་སྲིད་ཇུས་གཅིག་གྱུར་ལས་སྟེགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གྲོང་ཁྱེར་ཁག་གིས་རང་སའི་ཁེ་ལས་དང་འབྲེལ་བའི་སྲིད་ཇུས་ཞབས་ཞུའི་ལས་སྟེགས་དང“ཁེ་ལས་ལ་ཕན་པའི་སྲིད་ཇུས་ཞབས་ཞུ་ཉེར་སྤྱོད”ཀྱི་ཞིང་ཆེན་རིམ་པའི་ལས་སྟེགས་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རང་སའི་ཁེ་ལས་དང་འབྲེལ་བའི་སྲིད་ཇུས་ཞབས་ཞུའི་ལས་སྟེགས་གསར་སྐྲུན་དང་རིམ་སྤོར་མི་བྱེད་པར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཁེ་ལས་ལ་ཕན་པའི་སྲིད་ཇུས་ནང་འཇུག་དང་། ཁྱབ་བསྒྲགས། འདྲི་རྩད། རེ་ཞུ། ཞིབ་མཆན། གཏོང་སྤྲོད་བཅས་ཀྱི་ལས་སྒོ“གཅིག་འཐུས་སྒྲུབ་གཉེར”མངོན་འགྱུར་ཐུབ་པར་བྱེད་དགོས།
ཨན་ཧུའེ་ཡི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་ཞབས་ཞུའི་མིང་དང་། དོན་འཁྱོལ་ཆ་རྐྱེན། མངོན་འགྱུར་བྱེད་སྟངས། ཞིབ་དཔྱད་དང་གཏོང་སྤྲོད་རིམ་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ལེགས་སྒྲིག་ཡང་དག་བྱས་ཏེ། སྲིད་ཇུས་ཡིག་ཆ་ནང་འཇུག་དང་། སྲིད་ཇུས་ཞབས་ཞུར་འགྲེལ་བཤད། མ་དངུལ་གཏོང་སྤྲོད་ལག་བསྟར་སོགས་ཀྱི་ལས་དོན་ཚད་ལྡན་ངང་སྤེལ་ནས་ཁེ་ལས་ལ་འཚོལ་སླ་བ་དང་། ཤེས་སླ་བ། སྒྲུབ་སླ་བ་བཅས་ཐུབ་པར་མཐུན་རྐྱེན་སྦྱོར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།