དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་ཁུལ་ཁོངས་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྔོན་བསྟར་ཁུལ་ཁག་གཉིས་པའི་ཚོད་ལྟའི་མིང་ཐོ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    ཚེས་8ཉིན། ཚོང་དོན་པུས་གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་ཁུལ་ཁོངས་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྔོན་བསྟར་ཁུལ་ཁག་གཉིས་པའི་ཚོད་ལྟའི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད།

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ས་གནས་ཁག་གིས་སྙན་སེང་ཞུས་པའི་རྨང་གཞིའི་ཐོག་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་བརྒྱུད། ཚོང་དོན་པུའུ་སོགས་སྡེ་ཚན་གྱིས་གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་འཁོར་རྒྱ་ཁུལ་ཁོངས་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྔོན་བསྟར་ཁུལ་ཁག་གཉིས་པའི་ཚོད་ལྟའི་ས་ཁུལ་30གཏན་འཁེལ་བྱས་པའི་གྲས་སུ་པེ་ཅིང་གྲོང་ཁྱེར་གྱི་ཧའེ་ཏེན་ཆུས་དང་། ཧྥུང་ཐའེ་ཆུས། ཧྲི་ཅིང་ཧྲན་ཆུས་བཅས་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་པའོ་ཐོའུ་གྲོང་ཁྱེར། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས། ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར། ཧྲའན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་སོགས་ཚུད་ཡོད།

    ཚོང་དོན་པུས་ཉེ་ཆར་བརྡ་ཐོ་བཀྲམ་ནས་བསྟན་དོན། ཁུལ་ཁོངས་ཡོངས་ལ་ཁྱབ་སྤེལ་གཏོང་བའི་སྔོན་བསྟར་ཁུལ་གྱི་ཚོད་ལྟའི་ལས་དོན་གྱིས་དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་དང་། རྒྱ་སྐྱེད། རིམ་སྤོར་བཅས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཡོད། དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་གྱི་ལས་དོན་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཆ་རྐྱེན་འཛོམས་པའི་རྫོང་གྲོང་གི་སྡེ་ཁུལ་དུ་སྣུར་སྲིང་བྱས་ནས་ཡུལ་བབ་དང་བསྟུན་པ་དང་། “འཁོར་རྒྱ་གཅིག་ལ་སྲིད་ཇུས་གཅིག”མཐའ་འཁྱོངས་བྱེད་དགོས། “རྒན་གཅིག་གཞོན་གཅིག”ལ་ཞབས་འདེགས་ཡག་པོ་ཞུས་ནས་བཀོད་པ་དེ་བས་ལེགས་པ་དང་། ལས་རྣམ་དེ་བས་ཕུན་སུམ་ཚོགས་པ། ཞབས་ཞུ་དེ་བས་སྤུས་ཀ་ལེགས་པ། དོ་དམ་དེ་བས་རིག་ནུས་ལྡན་པ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། དམངས་ཕན་འཚོ་བའི་འཁོར་རྒྱ་གནས་འཕྲོད་ལས་འཚམ་དང་། ཡུལ་སྐོར་དང་ཉོ་སྒྲུབ་ལ་འཚམ་པ། རྒན་རྒོན་དང་བྱིས་པར་འཚམ་པ་བཅས་ཀྱི་ལོ་ན་ཆེ་ཆུང་ཚང་མར་འཚམ་པའི་མཛའ་མཐུན་རྣམ་པའི་འཚོ་བའི་འཁོར་རྒྱ་སྤུས་ལེགས་ཞིག་ཏུ་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།