2025ལོའི་རྨ་ཆུའི་འབྲུབ་དུས་ཀྱི་ཆུ་དང་བྱེ་མ་ཚོད་འཛིན་ཡག་པོ་བྱས་པ།
གསར་འགོད་པར་ཆུ་བེད་པུའུ་རྨ་ཆུ་ཆུ་བེད་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་དུས། ཆར་ཆུ་མང་བའི་རྐྱེན་གྱིས་རྨ་ཆུའི་བར་རྒྱུད་ཅིན་ཝེ་ཆུ་བོའི་ཆུ་ཁ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། རྨ་ཆུ་ཆུ་བེད་ཨུ་ལྷན་གྱིས་ཆུ་བྱེའི་འབྲེལ་བ་ཚོད་འཛིན་གྱི་གནད་འགག་ལ་དམ་འཛིན་བྱས་ནས་ཆུ་ལོག་སྔོན་འགོག་དང་བྱེ་འབུད་འཁྱིལ་འཕྲི་བྱེད་པར་སྤྱི་འདོམས་ངང་བསམ་གཞིགས་བྱས་པ་དང་། བདེ་འཇགས་ཚོད་འཛིན་ཐུབ་པ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གི་རྩ་དོན་ལྟར། ཟླ་9ཚེས་8ཉིན་གྱི་ཆུ་ཚོད་དགུ་པ་ནས་བཟུང་། སན་མོན་ཞ་དང་ཞའོ་ལང་ཏི་སོགས་ཆུ་མཛོད་དང་མཉམ་དུ་འབྲུབ་དུས་ཀྱི་ཆུ་དང་བྱེ་མ་ཚོད་འཛིན་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཆུ་བྱེའི་འབྲེལ་བ་ཚོད་འཛིན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
ད་ཐེངས་ཆུ་དང་བྱེ་མ་ཚོད་འཛིན་གྱི་དུས་ཡུན་གཟའ་འཁོར་གཅིག་ཙམ་ཡིན་པ་དང་། ཞའོ་ལང་ཏི་ཆུ་མཛོད་ཀྱི་བཞུར་ཚད་ཆེ་ཤོས་དེ་ཧྭ་ཡོན་ཁོའུ་ཆུ་དཔྱད་ས་ཚིགས་ཀྱི་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་2800ཙམ་གྱི་ཚད་གཞིར་གཞིགས་ཏེ་གཤོང་རྒྱུ་རེད། སན་མོན་ཞ་ཆུ་མཛོད་དེ་ཟླ་9ཚེས་7ཉིན་གྱི་ཆུ་ཚོད་15ནས་བཟུང་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་3000གི་ཚད་གཞིར་གཞིགས་ཏེ་ཆུ་རྦད་དེ་བཤངས་མ་ཚར་བར་གཤོང་རྒྱུ་རེད། ཞའོ་ལང་ཏི་དང་ཤིས་ཞ་ཡོན་ཆུ་མཛོད་ཀྱིས་མཉམ་འབྲེལ་ཐོག་བཀོད་གཏོང་བྱེད་པ་དང་། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་15ནས་བཟུང་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་1500ཡི་ཚད་གཞིར་གཞིགས་ཏེ་ཆུ་གཤོང་ཚད་ཚོད་འཛིན་བྱེད་རྒྱུ་དང་། ཟླ་9ཚེས་8ཉིན་གྱི་ཆུ་ཚོད་9ནས་བཟུང་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་2500ཡི་ཚད་གཞིར་གཞིགས་ཏེ་ཆུ་གཤོང་ཚད་ཚོད་འཛིན་བྱེད་རྒྱུ་རེད། རྗེས་མཐུད་དུ་ཆུ་མཛོད་ཀྱི་ཆུ་གསོག་དང་བྱེ་འབུད་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ཆུ་གཤོང་ཚད་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།