དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་སློབ་གསོ་ཐོབ་དབང་ལ་ཕྱོགས་ཡོངས་ནས་འགན་སྲུང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བོད་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་ཚུལ་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་60ཡི་རིང་། དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱུང་བ་དང་། བདེ་ཐང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། སློབ་གསོ་ཐོབ་དབང་ལ་ཕྱོགས་ཡོངས་ནས་འགན་སྲུང་ཐུབ་པ། བུད་མེད་མང་ཚོགས་ཀྱི་ལས་ཞུགས་བྱེད་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ“གནམ་ཕྱེད་ཀ་འདེགས་པའི”ནུས་པ་སྔར་ལས་ལྷག་པའི་སྒོ་ནས་མངོན་ཡོད།

    2024ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་370ཟིན་པའི་ནང་བུད་མེད་ཁྲི་175ཟིན་པ་དེས་47.3%བཟུང་བ་དང་། ལོ་0ནས་14བར་གྱི་བྱིས་པ་ཁྲི་88ཡོད་པ་དེས་23.8%བཟུང་ཡོད།

    སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བུད་མེད་དང་བྱིས་པའི་བདེ་ཐང་འགོག་སྲུང་འཛིང་རགས་སྔར་བས་སྲ་བརྟན་དུ་ཕྱིན་ཞིང་། མིག་སྔར་ལྗོངས་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་7231དང་སྨན་ཁང་199ཡོད་པ་དང་། སྦྲུམ་མ་འཆི་ཚད་ཁྲི་34.94/10བར་ཆག་པ་དང་། ཕྲུ་གུ་དམར་འབྱར་འཆི་ཚད་4.32‰བར་ཆག་པ། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་ཚད་99.34%ཟིན་ཡོད། བུད་མེད་ལ་མི་ཐེངས་ཁྲི་50ལྷག་ཙམ་ལ“སྐྲན་གཉིས”ཕོག་མིན་དབྱེ་བཤེར་བྱས་པ་དང་། ལོ་ཚད་དུ་སླེབས་པའི་བུ་མོ་ཁྲི་8.8ལ་HPVརིམས་འགོག་སྨན་ཁབ་དང་པོ་བརྒྱབ་པར་སྨན་ཁབ་རྒྱག་ཚད་91.96%ཟིན་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་ཕོག་མིན་དབྱེ་བཤེར་བྱས་གྲངས་མི་ཐེངས་ཁྲི་30ལྷག་ཙམ་ཟིན་པ། བཅོལ་གསོའི་ཞབས་ཞུའི་སྒྲིག་གཞི(བྱིས་གསོ་ཁང་གི་བཅོལ་གསོའི་འཛིན་གྲྭ་ཚུད་པ)64བསྐྲུན་ཟིན་པ་དང་། བཅོལ་གསོའི་གནས་3336མཁོ་འདོན་བྱས་པ། མི་འབོར་སྟོང་རེར་བཅོལ་གསོའི་གནས་1བྱུང་ནས་ཁྱིམ་ཚང་གི་ཕྲུ་གུ་གསོ་སྐྱོང་གི་གནོན་ཤུགས་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད།

    སློབ་གསོའི་བྱ་གཞག་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་པ་དང་བུད་མེད་དང་བྱིས་པའི་སློབ་གསོ་ཐོབ་དབང་འགན་སྲུང་གང་ལེགས་བྱུང་ཞིང་། ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3618དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་96.99ཡོད་པ། འོས་འགན་སློབ་གསོ་སྲ་བརྟན་དུ་བྱུང་ཚད་97.86%ཟིན་པ། བཤོལ་འགོག་སློབ་སྐྱོང་བྱས་ནས་སྟབས་བསྟུན་གཙང་སེལ་བྱས་ཡོད། མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་བཅས་ཀྱི་ཁྲོད་བུད་མེད་སློབ་མའི་བསྡུར་ཚད་50%ལས་བརྒལ་ཡོད།

    བུད་མེད་ཀྱི་ལས་ཞུགས་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནང་ཞུགས་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་བུད་མེད་ལས་ཞུགས་མི་སྣས་ལས་ཞུགས་མི་སྣ་ཡོངས་ཀྱི་40.2%བཟུང་བ་དང་། བྱ་གཞག་ཚན་པའི་མཐོ་རིམ་ཆེད་ལས་ལག་རྩལ་མི་སྣའི་ཁྲོད་བུད་མེད་ཀྱིས་44.5%བཟུང་བ། 《བུད་མེད་ལས་བཟོའི་ངལ་རྩོལ་སྲུང་སྐྱོང་གི་དམིགས་བསལ་གཏན་འབེབས》ལག་བསྟར་བྱས་པའི་ཁེ་ལས་ཀྱི་བསྡུར་ཚད་89.3%ཟིན་ཡོད། བུད་མེད་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་ཁུལ་གྱི་གཞིས་ལུས་བུད་མེད། དབང་པོ་སྐྱོན་ཅན་བུད་མེད་སོགས་ཚོགས་སྤྱིར་དམིགས་ནས་རིམ་ཁག་སྲིད་གཞུང་གིས་ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བུད་མེད་ལ་ལས་ཞུགས་སྔར་ལས་ཡག་པོ་དང་སྤུས་ཚད་སྔར་བས་མཐོ་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

    བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་དྲ་བ་གཞི་རྩའི་ཆ་ནས་ཆགས་ཤིང་། ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་4དང་། བུད་མེད་ཀྱི་སེམས་ཁམས་བློ་འདྲི་ས་ཚིགས་2བཙུགས་པ་དང་། བུད་མེད་མི་དམངས་འདུམ་འགྲིག་པ་3000ལྷག་ཙམ་གསོ་སྐྱོང་བྱས་པ། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་81དང་།“བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་གནས”696 བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་མཉམ་གྲོས་ཁྲིམས་ས་31བཅས་བཙུགས་པ་རེད། རང་སྐྱོང་ལྗོངས་རིམ་པའི་བུད་མེད་དོན་གྲོས་ལྷན་ཚོགས་ཀྱི་དཔེ་སྟོན་གྲོང་ཚོ་8བཙུཌ་པ་དང་། གྲོང་ཚོ་རིམ་པའི་བུད་མེད་དོན་གྲོས་ལྷན་ཚོགས་805བཙུགས་ཤིང་། དོན་གྲོས་བྱེད་སྒོ་ཐེངས་2000ལྷག་ཙམ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།