དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཧྥའི་ཚོང་དོན་མ་འཇོག་གསར་གཏོད་མཉམ་ལས་ཚོགས་ཆེན་དང་མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་ཀྱི་འོས་སྦྱོར་ཚོགས་འདུ་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-12

    2025ལོའི་ཀྲུང་གོ་དང་ཧྥ་རན་སེའི་ཚོང་དོན་མ་འཇོག་གསར་གཏོད་མཉམ་ལས་ཚོགས་ཆེན་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས(གཤམ་དུ“འཁོར་འབྲེལ་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཀྱི་ཧྥ་རན་སེའི་འོས་སྦྱོར་ཚོགས་འདུ་ཚེས་8ཉིན་ཧྥ་རན་སེའི་རྒྱལ་ས་ཕ་རི་སིར་འཚོགས་ནས། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་སྡེ་ཚན་དང་། འབྲེལ་ཡོད་ལས་ཁུངས། ཁེ་ལས་བཅས་ཀྱི་འཐུས་མི་200ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཤིས་ཚིག་སྒྲོན་སྐབས། ད་ལོ་ནི་ཀྲུང་ཧྥའི་འབྲེལ་བ“རབ་བྱུང་གསར་པ”འགོ་བརྩམས་པའི་ལོ་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་མཛུབ་ཁྲིད་འོག ཀྲུང་ཧྥའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་དཔལ་འབྱོར་ཚོང་དོན་འགྲོ་འོང་ཐད་གཉིས་ཁེ་གཉིས་ཕན་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཧྥ་རན་སེ་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁེ་ལས་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་མཉམ་ལས་བྱེད་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་འདོད་ཡོད། ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་ནང་མཉམ་འདྲེས་བྱས་ནས་ཀྲུང་གོའི་ཁྲོམ་རའི་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཧྥ་རན་སེའི་རྒྱལ་ཁབ་བཟོ་ལས་སྐུལ་སྤེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་ལེ-ཧེང་ལི·ཅ་ལུའོ་ཡིས། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་དཔལ་འབྱོར་ཚོང་དོན་དང་མ་འཇོག་ཐད་ཚད་མཐོའི་གསབ་རེས་རང་བཞིན་ལྡན་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཕྱོགས་གཉིས་པོས་མཁའ་འགྲུལ་དང་། ནུས་རྒྱུ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་སྤེལ་རེས་གཏིང་ཟབ་བྱས་ནས་སྒོ་དབྱེའི་ཚོང་དོན་དང་ཕྱོགས་གཉིས་མ་འཇོག་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་བརྟན་ལྷིང་དང་། སྒོ་དབྱེ། རྒྱུན་མཐུད་ཆོག་པ་བཅས་ཀྱི་མཁོ་སྤྲོད་འཁོར་འབྲེལ་བསྐྲུན་ནས་གོ་ལ་ཧྲིལ་པོར་མཉམ་ལས་ཀྱི་དཔེ་མཚོན་གཏོད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།