དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱི་ལྗང་མདོག་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཞ་མོན་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    ཉེ་ཆར། བོད་རང་སྐྱོང་ལྗོངས་ལྗང་མདོག་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཞ་མོན་དུ་འཚོགས་པ་དང་། ལྗོངས་ཕྱི་ནང་གི་ཁེ་ལས་བརྒྱ་ལྷག་ཙམ་ལྷན་དུ་འཛོམས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་མཉམ་དུ་གྲོས་བསྡུར་དང་ཐོན་ལས་མཉམ་ལས་ཀྱི་ལེའུ་གསར་པ་ཐོན་མོང་ཐོག་ཇུས་འགོད་བྱས་ཡོད།

    “ད་ཐེངས་ཀྱི་གོ་སྐབས་སྤྱད་དེ། ང་ཚོས་ལམ་བསྒྲགས་འོས་སྦྱོར་དང་འབྲེལ་མཐུད་སྤེལ་རེས་ཧུར་ཐག་བྱས་ནས། མཛོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དང་། ཐོན་ལས་ཀྱི་ལེགས་ཆ། འཕེལ་རྒྱས་ཀྱི་གཏིང་ཤུགས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་ཆབས་ཅིག རྣམ་གྲངས་དང་མ་དངུལ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ།

    མ་འཇོག་བྱེད་མཁན་དེ་བས་མང་བས་མཛོ་སྒང་ཤེས་རྟོགས་ཐུབ་པ་དང་། མཛོ་སྒང་དུ་སྐྱོད་པ། མཛོ་སྒང་ལ་མ་འཇོག་བཅས་བྱས་ནས། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་བཏོད་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ལིན་ཡུང་ལི་ཡིས་བརྗོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“འདུ་འགོད་ཨང་དང་པོར”འཇོག་རྒྱུ་མཐའ་འཁྱོངས་ཀྱིས། ཁེ་ལས་ལ་ཕན་འདོགས་པའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལྷག་བསམ་ཆེ་ཤོས་དང་། སྲིད་ཇུས་ཡག་ཤོས། ཞབས་ཞུ་ཡག་ཤོས་བཅས་ལ་བརྟེན་ནས་རིགས་ཁག་གི་ཁེ་ལས་ཀྱིས་བོད་དུ་མ་འཇོག་ལས་དར་ཡོང་བར་འགན་སྲུང་བརྟན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།