ལྷ་སའི་འགྲེམས་སྟོན་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་ཚོང་རྟགས་དང་སྤུས་རྟགས་དུས་ཆེན་ལ་ཞུགས་པ།
ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་ཚོང་རྟགས་དང་སྤུས་རྟགས་དུས་ཆེན་སྐབས་བཅོ་ལྔ་པ་ཧྲན་ཤིས་ཐའེ་ཡོན་དུ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་གྱིས་ཕུལ་བྱུང་གི་ཁེ་ལས་དང་སྒྲིག་གཞི་20སྒྲིག་འཛུགས་བྱས་ནས་ས་མཐོའི་ཁྱད་ལྡན་ཚོང་རྟགས་གྲགས་ཅན་ཁག་གཅིག་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེ་འགྲེམས་སྟོན་བྱ་ཡུལ་གྱི་བཀྲག་མདངས་ཆེ་ཤོས་སུ་གྱུར་ཡོད།
2016ལོར་ཀྲུང་གོ་རྒྱལ་སྤྱིའི་ཚོང་རྟགས་དང་སྤུས་རྟགས་དུས་ཆེན་སྐབས་བརྒྱད་པར་ཐེངས་དང་པོ་ཞུགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྐབས་བདུན་བསྟུད་མར་ཁེ་ལས་སྒྲིག་འཛུགས་བྱས་ཏེ་བོད་ནས་ཕྱིར་སྐྱོད་པ་དང་རྒྱལ་ཡོངས་སུ་འགྲེམས་སྟོན་བྱས་ཡོད། རིམ་རྩིས་བརྒྱབ་ན། ཁེ་ལས་143ལྗོངས་ཕྱིའི་འགྲེམས་ཚོགས་ལ་ཞུགས་པར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཁག་གཅིག་ལ“ཀྲུང་ཧྭའི་སྤུས་རྟགས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ”ཐོབ་མྱོང་ཡོད།
སྐབས་འདིའི་འགྲེམས་ཚོགས་ལྷ་སའི་འགྲེམས་སྟོན་ཚོགས་པར་སྐད་གྲགས་ཆེ་བའི་ཚོང་རྟགས་ཁེ་ལས་དང་། ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཁེ་ལས། ས་ཁམས་མཚོན་རྟགས་ཐོན་རྫས་ཁེ་ལས། རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཁེ་ལས། ཤེས་བྱའི་དབག་དབང་ཞབས་ཞུའི་སྒྲིག་གཞི་བཅས་ཚུད་ཡོད། བོད་སྨན་བདུད་རྩི་རྟགས་ཅན་དང་། གཏེར་ཆུ་5100རྟགས་ཅན། མངོན་མིན་རིག་གནས་ཤུལ་བཞག་གི་ཐང་ག ཞོལ་འདོད་དཔལ་རིག་གནས་བསམ་བཀོད། འདམ་གཞུང་གི་འབྲི་གཡག གཡུ་སྨན་སྤོས། ལྷ་ས་ས་གཙང་། ས་གོ་ལའི་གླེང་སྣེ་གསུམ་པ་སོགས“ལྷ་སའི་སྤུས་རྟགས”རབ་དང་རིམ་པ་འགྲེམས་སྟོན་བྱས་པར་ལྟད་མོ་བ་དང་ཚོང་པ་མང་པོའི་ཡིད་དབང་བཀུག་ཡོད། དེས་ན་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་ཐོག་ལྷ་སའི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་མ་ཟད། ཁྲོམ་ར་སྔར་བས་རྒྱ་སྐྱེད་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་ལས་སྟེགས་གལ་ཆེན་ཞིག་ཀྱང་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།