དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོའི་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-12

    ཚེས་8ཉིན། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་དང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི་2025ལོའི་བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ་ལྷ་སར་འགོ་ཚུགས་པ་དང་བདམས་ཐོན་པ་ཁྱོན་66ཞུགས་ཡོད།

    རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ནི་རླུང་འཕྲིན་དང་བརྙན་འཕྲིན་ཆེད་ལས་ལག་རྩལ་མི་སྣས་ལག་རྩལ་སློབ་སྦྱོང་དང་ནུས་རྩལ་སྦྱོང་བརྡར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། འགྲན་ཞུགས་པས་མི་སྒེར་གྱི་ཕྱོགས་བསྡུས་བྱང་ཚད་མངོན་པའི་གར་སྟེགས་ཤིག་ཀྱང་རེད། དེས་རང་ལྗོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སྤུས་ཚད་མཐོ་བའི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ནང་དྲ་རྒྱ་དང་གྲངས་གཞིའི་བདེ་འཇགས་དང་། IPTV རླབས་འབྲིང་ཐུང་གི་རླུང་འཕྲིན། འགུལ་སྙོམས་དང་བརྙན་འཕྲིན་རླུང་འཕྲིན་སོགས་ཆེད་ལས་བཀོད་སྒྲིག་བྱས་ཡོད་པ་དང་། སྤྱིའི་སྦྱངས་འབྲས་ནི་རིགས་པའི་གཞུང་ལུགས་ལ་དཔྱད་ཞིབ་དང་དངོས་སྤྱོད་ལ་དཔྱད་ཞིབ་ཁག་གཉིས་སུ་དབྱེ་ཡོད་ཅིང་། ཕུལ་བྱུང་བདམས་ཐོན་པ་རྒྱལ་ཡོངས་ཀྱི་མཐའ་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།