ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རིག་རྩལ་ཚོགས་པས་བོད་དུ་འཚམས་འདྲིའི་འཁྲབ་སྟོན་བྱས་པ།
ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་རིག་རྩལ་ཚོགས་པའི“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ——བློ་སྒྲིལ་སེམས་སྐྱེད་ངང་ཏང་གི་རྗེས་སུ་འབྲང་། རྒྱང་ལམ་གསར་པར་མཐུན་སྒྲིལ་འབད་འཐབ་བྱེད”ཅེས་པའི་འཚམས་འདྲིའི་འཁྲབ་སྟོན་ཉིང་ཁྲི་གྲོང་ཁྱེར་དུ་བྱས་པ་རེད།
ད་རེས་ཀྱི་འཚམས་འདྲིའི་འཁྲབ་སྟོན་གྱིས“ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ”བརྗོད་དོན་གཙོ་བོར་བྱས་ནས་ངལ་རྩོལ་གྱི་ཁྱད་ཆོས་དང“བཟོ་རྩལ”གྱི་སྤུས་རྟགས་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་སྒྱུ་རྩལ་གྱི་མཚོན་སྟངས་ཕུན་སུམ་ཚོགས་པོས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ཡོད། “ད་རེས་ཀྱི་འཚམས་འདྲིའི་འཁྲབ་སྟོན་ལས་འབད་འཐབ་ཀྱི་ལམ་བུར་ང་ཚོ་ཁེར་རྐྱང་དུ་ལུས་མི་སྲིད་པར་བཟོ་ཚོགས་ནི་ང་ཚོའི་རྒྱབ་རྟེན་བརྟན་ཤོས་དེ་ཡིན་པའི་མྱོང་ཚོར་བྱུང”ཞེས་ས་ཡུལ་དངོས་ཀྱི་ལས་བཟོའི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་བཤད།
འབྲེལ་ཡོད་གསར་འགྱུར།