ཇ་སྲུབ་མའི་དྲི་ཞིམ་གང་སར་འཐུལ། བདེ་སྐྱིད་ཀྱི་དགོད་སྒྲ་ཕྱོགས་བཞིར་གྲགས།
འདི་ནི་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་ཡུལ་མིར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཇ་སྲུབ་འཕྲུལ་ཆས་འབྱོར་བ།
འདི་ནི་ལྷག་པས་ལས་མིར་ཇ་སྲུབ་མ་བླུག་བཞིན་པ།
འདི་ནི་ལྷག་པས་ཇ་སྲུབ་འཕྲུལ་ཆས་ནང་ཇ་བསྲུ་བཞིན་པ།
འདི་ནི་ཞིང་ནང་དང་མུ་ཁར་ཇ་འཐུང་བཞིན་པ།
ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་ཡུལ་མི་ཁག་དང་པོ་གེགས་རྗེས་བསྐྱར་སྐྲུན་གྱི་སྡོད་ཁང་དུ་སྤོས་པ་དང་ཁྱིམ་ཚང་ཚང་མས་ཁང་གསོལ་གཏོང་བཞིན་ཡོད། ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཕྱག་རྟགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཡུལ་མི་ཚོའི་ལག་ཏུ་འབྱོར་ཡོད།
བསྟན་འཛིན་བུ་ཁྲིད་ཀྱིས་དགའ་ཚོར་ཆེན་པོས“ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཕྱག་རྟགས་མགྱོགས་པོ་འདི་འདྲ་འབྱོར་ཡོང་བསམ་པའི་ཡུལ་ལའང་མེད”ཅེས་བཤད།
བསྟན་འཛིན་བུ་ཁྲིད་ཀྱིས་ཇ་སྲུབ་མ་ཇ་ལྟིར་གང་ཁྱེར་ནས་རང་ཁྱིམ་གྱི་ཞིང་ནང་དུ་ཡོང་སྐབས་ཕ་མ་དང་གྲོང་པ་ཁྱིམ་མཚེས་ཚོ་སྟོན་ཐོག་བརྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད་པ་རེད།
“ཇ་སྲུབ་མ་འཐུང་བར་ཤོག”ཅེས་བོས་མ་ཐག་ཚང་མས་ལས་མཚམས་བཞག་ནས་རུབ་རུབ་བྱས་ཏེ་ཞིམ་མངར་གྱི་ཇ་སྲུབ་མ་འཐུང་བཞིན་བདེ་སྐྱིད་ལྡན་པའི་དགོད་སྒྲས་ཁེངས།
ཀོ་ལྕག་ཤང་ཆད་གྲོང་ཚོར་ལྷག་པས་ཇ་སྲུབ་འཕྲུལ་ཆས་གསར་པས་ཇ་སྲུབ་མ་ཇ་དམ་གང་བཟོས་ནས་ལས་ཡུལ་དུ་ཡོང་སྐབས་ཨར་པོ་ཚོས་བྲེལ་བརྩོན་ཆེན་པོས་ཁང་པ་གསར་པ་རྒྱག་བཞིན་ཡོད། ལྷག་པས“ཁྱེད་ཚོས་ང་ཚོར་ཁང་པ་རྒྱག་རོགས་བྱས་པས་དངོས་འབྲེལ་དཀའ་ལས་བྱུང་སོང་། དེ་རིང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་ཇ་སྲུབ་འཕྲུལ་ཆས་སྤྱད་དེ་བཟོས་པའི་ཇ་སྲུབ་མ་བཀྱག་ནས་ངའི་ཐུགས་རྗེ་ཆེ་ཞུ་སེམས་མཚོན་པར་བྱེད་ཀྱི་ཡིན”ཞེས་བཤད།
རང་ཁྱིམ་གྱི་ཁང་པ་གསར་པའི་མདུན་དུ་ལངས་ནས་ལྷག་པས་རེ་བས་ཁེངས་བཞིན“ད་ལྟ་ཁང་པའི་སྒྲོམ་བསླངས་ཟིན་པ་དང་རྩིག་རྨང་བརྟན་པོ་ཡོད་པས་ཁང་པ་གསར་པར་སྤོས་ཚེ་དངོས་གནས་སྐྱིད་པོ་ཡོང་ངེས་རེད། སྤྱི་ཁྱབ་ཧྲུའུ་ཅིས་ཐུཌ་ཁུར་ཆེན་པོ་གནང་བ་དང་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ཡོད་པས་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་རེད”ཅེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གི་བྱམས་སྐྱོང་མཚོན་པའི་ཕྱག་རྟགས་རེ་རེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྱོར་ཞིང་། ཞིམ་མངར་གྱི་ཇ་སྲུབ་མའི་དྲི་ཞིམ་འཐུལ་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཁྲོད་མུ་མཐུད་མཛེས་སྡུག་ལྡན་པའི་ལེའུ་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།