དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

    ཤིན་ཅང་གི“རླུང་འོད”ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་མཁོ་འདོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་ཡུང་། ལི་ཡ་ནན།   |     སྤེལ་དུས།  2025-09-11

    ད་ལོའི་ཟླ་4པར། ཤིན་ཅང་གིས་པེ་ཅིང་ལ་གློག་སྤྱོད་མང་བའི་དུས་ཚིགས་སུ་གློག་གཏོང་ཚོང་ཆུ་ཚོད་ཆན་ཝ་ཁྲི་1200ཟིན་ཞིང་། “ཤིན་ཅང་གི་ལྗང་མདོག་གློག་ཉིན་དགུང་གཏོང་བ་དང་པེ་ཅིང་གི་ཐེག་ཚད་དགོང་མོ་སྤྱོད་པའི”ཁྲོམ་ར་ཅན་གྱི་ཉོ་ཚོང་བྱེད་སྟངས་གསར་པ་དེ་བརྒྱུད་ཤིན་ཅང་གི་ཕྱི་དྲོའི་ཉི་གློག་གིས་པེ་ཅིང་གི་མཚན་མོར་འོད་མདངས་ཐོག་མར་བསྣན་ཡོད།

    ལོ་70ཡི་རིང་། ཤིན་ཅང་གི་གློག་ཤུགས་ལས་རིགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད།

    ཞོགས་པའི་ཉི་འོད་ཤིན་ཅང་ཏ་པན་གྲོང་གི་རླུང་གློག་ར་བར་འཕྲོ་སྐབས་རླུང་འཁོར་གྱི་གཤོག་པ་ཆེན་པོ་རླུང་ཤུགས་དང་བསྟུན་ནས་འཁོར་ཞིང་། 1989ལོར། ཏ་པན་གྲོང་གི་རླུང་གློག་ར་བས་ཕྱི་རྒྱལ་ནས་ཆན་ཝ་150ཡི་རླུང་ཤུགས་འཕྲུལ་ཚན་13ནང་འདྲེན་བྱས་པ་དེ་སྐབས་དེ་དུས་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་གློག་ར་བར་གྱུར་ཡོད། 2025ལོར་ཏ་པན་གྲོང་ཁུལ་དུ་རླུང་གློག་འོད་ཤུགས་ཁེ་ལས་30དང་རླུང་གློག་འོད་ཤུགས་རྣམ་གྲངས་57ཡོད་པ་དང་དྲ་སྦྲེལ་ཐུབ་པའི་གློག་འདོན་ཤུགས་ཆན་ཝ་ཁྲི་565ཟིན་གྱི་ཡོད།

    ད་ལོའི་ཟླ་7པའི་ཟླ་མཇུག་བར། ཤིན་ཅང་གི་གློག་དྲའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཆན་ཝ་དུང་ཕྱུར་2.26ཟིན་པའི་ནང་། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་དུང་ཕྱུར་1.34ཟིན་པ་དེས་60%ཙམ་བཟུང་བ་དང་། ཤིན་ཅང་གི་ནུས་རྒྱུའི་གྲུབ་ཆ་གཙང་ལྡན་ཅན་ལ་མགྱོགས་མྱུར་ཕྱོགས་སྒྱུར་བྱུང་ཡོད།

    རླུང་ཤུགས་འཕྲུལ་ཚན་ནང་འདྲེན་བྱས་པ་ནས་ད་ཆ་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞི་བསྐྲུན་པའི་བར། ཤིན་ཅང་གི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ལྗང་མདོག་གློག་ཤུགས་སྔར་བས་སྟོབས་ཆེར་ཕྱིན་ཡོད།

    ཤིན་ཅང་གི་ཕུན་སུམ་ཚོགས་པའི“རླུང་འོད”ཐོན་ཁུངས་ཀྱིས་ཞིང་ཆེན་གཞན་དག་གི་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་མཁོ་འདོན་བྱེད་པ་དང་། ཧའོ་སྐར་ཆ་7ཡི་ནང་ལྗང་མདོག་གློག་ཤུགས་སྤྱི་ལེ་2290བརྒལ་ཏེ་ཐེན་ཧྲན་རི་བོ་ནས་རི་གྲོང་ཁྲུང་ཆིང་དུ་འབྱོར་གྱི་ཡོད།

    ཧ་སྨི་པ་ལི་ཁུན་གློག་རྒྱུན་བསྒྱུར་ཚིགས་ཀྱི་ཀྲན་ཀྲང་ཤུན་ཁྲོན་པའོ་ཡིས་ཚོགས་པའི་སྣེ་ཁྲིད་དེ་གསར་དུ་སྤྱོད་འགོ་ཚུགས་པའི་ཆན་ཧྥུའུ་±800ཡི་སྒྲིག་ཆས་ཚོད་སྒྲིག་བྱས་པ་རེད། ཤིན་ཅང་དང་ཁྲུང་ཆིང་འབྲེལ་མཐུད་བྱེད་པའི་ནུས་རྒྱུའི་ལྟེ་གནས་འདིས་ཉིན་ལྟར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལྷོ་ནུབ་ས་ཁུལ་དུ་གཏོང་གི་ཡོད་པ་དང་ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་70%ལས་བརྒལ་ཡོད། ཆེས་མཐོ་གནོན་ཁུལ་བརྟན་སྲུང་བྱས་ནས་ལོ་12སོང་རིང་། ཤུན་ཁྲོན་པའོ་ཡིས་ཤིན་ཅང་གི་གློག་ཤུགས་ཕྱིར་གཏོང་མི་ཐུབ་པ་ནས་ཆན་ཝ་ཁྲི་3300གཏོང་ཐུབ་པའི་བར་མཆོང་སྐྱོད་བྱུང་བའི་བདེན་དཔང་བྱས་ཡོད།

    གློག་གཏོང་ལས་གྲྭ་རེ་རེ་བཞིན་བསྐྲུན་པ་དང་བསྟུན་ནས་ཤིན་ཅང་གི་གློག་ཤུགས་གཏོང་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ་ཞིང་ཆེན་22ལ་ཁྱབ་ཡོད་པ་རེད། ད་ལོའི་ཟླ་7པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་ཤིན་ཅང་གིས་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་9463.58ཟིན་པའི་ནང་ནུས་རྒྱུ་གསར་པའི་གློག་ཕྱིར་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2785.11ཟིན་ནས་གློག་ཕྱིར་གཏོང་ཚད་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད་པ་རེད།

    ཤིན་ཅང་གི་ཆུ་འཐེན་ནུས་གསོག་གློག་ཁང་དང་པོ་དེ་ཆུ་འཐེན་ནུས་གསོག་སོགས་སྲོལ་རྒྱུན་གྱི་ནུས་གསོག་དང་ལཱིན་སྐྱུར་ལྕགས་ལིས་དང་། ཤུགས་འདེད་འཁོར་ལོ། རིམ་འདས་གློག་ཤོང་ཚད་སོགས་ནུས་གསོག་ལག་རྩལ་གསར་པ་འཕེལ་རྒྱས་བྱུང་བར་བརྟེན་ནས་ཤིན་ཅང་གི“གློག་གསོག་འབོའི”ཁྱུ་ཚོགས་བཙུགས་ཡོད། ད་ལོའི་ལོ་སྟོད་དུ་ཤིན་ཅང་གི་གློག་དྲས་ནུས་གསོག་གི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི་253.33/ཆུ་ཚོད་ཆན་ཝ་ཁྲི་824.9གསར་དུ་བསྣན་ནས། རིམ་རྩིས་བརྒྱབ་ན་ཆན་ཝ་ཁྲི་1206.78/ཆུ་ཚོད་ཆན་ཝ་ཁྲི་4002.23ཟིན་ཡོད་པ་རེད། རང་ཚུགས་ནུས་གསོག་གློག་ཁང་ཁག་11དང་ལེ་ལག་ཚང་བའི་ནུས་གསོག་གློག་ཁང་ཁག་219ཡིས་མཉམ་དུ་གློག་ནུས་བཏོན་ནས། “ཐེག་ཚད་དམའ་བའི་སྐབས་གློག་གསོག་པ་དང་གློག་སྤྱོད་མང་བའི་དུས་གློག་གཏོང་བའི”ལམ་སྲོལ་བརྒྱུད་ད་ལོའི་ལོ་སྟོད་དུ་གློག་སྤྱོད་མང་བའི་དུས་སུ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་5.7བཏང་ཡོད།

    ཏ་པན་གྲོང་གི་ཐང་སྟོང་དུ་བཙུགས་པའི་རླུང་འཁོར་ཁག་དང་པོ་ནས་ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་ལེ་དབར་བརྒྱ་ཕྲག་སྣུར་བསྲིང་བྱས་པའི་འོད་ཤུགས་མང་པོའི་བར་དང་། ཤིན་ཅང་གི་གློག་ཕྱིར་གཏོང་མི་ཐུབ་པ་ནས་རྒྱལ་ཡོངས་ཀྱི་ནུས་རྒྱུའི་ཐོན་ཁུངས་འཐབ་ཇུས་འགན་སྲུང་རྟེན་གཞིར་བསྐྲུན་པའི་བར་ཤིན་ཅང་གི་རླུང་གློག་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།