དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ཚེས་14ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-11

    ཚེས་8ཉིན་གསར་འགོད་པར་2025ལོའི་ཀྲུང་གོའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་ཆ་འཕྲིན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོ་ཀྲུང་གོའི་དྲ་བའི་སྤོ་ལོས་འགྲན་བསྡུར་ལྟ་བའི་ཉམས་ལེན་མུ་མཐུད་རིམ་སྤོར་བྱ་རྒྱུ་དང་། ཀྲུང་གོའི་དྲ་བའི་སྤོ་ལོའི་དགའ་ནེའུ་དུས་ཆེན་གྱི་འགྲན་བསྡུར་ལྟ་བའི་ཡུལ་དངོས་གཉིས་པ་བཏོད་རྒྱུ་དང་། རིག་གནས་དང་། ལུས་རྩལ། ཚོང་དོན། ཡུལ་སྐོར་བཅས་མཉམ་འདྲེས་བྱེད་པར་ཚོད་ལྟ་དེ་བས་མང་པོ་བྱ་རྒྱུ་རེད།

    2025ལོའི་ཀྲུང་གོའི་དྲ་བའི་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ཟླ་9ཚེས་14ནས་ཟླ་10ཚེས་5ཉིན་བར་པེ་ཅིང་རྒྱལ་ཁབ་དྲ་བའི་སྤོ་ལོའི་ལྟེ་གནས་སུ་སྤེལ་རྒྱུ་རེད། ཤིན་ནཱ་དང་སཱ་པཱ་ལུན་ཁ་སོགས་བྱ་དགའ་ཀུན་ཐོབ་གྱི་ཨང་དང་པོ་ཐོབ་མཁན་14འགྲན་བསྡུར་ནང་ཞུགས་རྒྱུ་དང་། ཀྲེང་ཆིན་ཝུན་དང་། ཝང་ཤིན་ཡུས། ཝང་ཡ་ཧྥན་སོགས་ཀྲུང་གོའི་བུད་མེད་དྲ་བའི་སྤོ་ལོ་རྒྱག་མཁན་ཨང་རིམ་བཞིན་ཐད་ཀར་འགྲན་བསྡུར་གཙོ་བོའི་ནང་ཚུད་ཡོད། ཀྲུང་གོ་དྲ་བའི་སྤོ་ལོ་སྒྲིག་འཛུགས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་ཐོབ་ཐང་འགྲན་བསྡུར་ནང་ཞུགས་མཁན་གྲས་སུ། ཀྲུང་གོའི་སྐྱེས་པའི་དྲ་བའི་སྤོ་ལོ་རྒྱག་མཁན་པུའུ་ཡུན་ཁྲའོ་ཁེ་ཐེ་དང་། བུད་མེད་ཀྱི་དྲ་བའི་སྤོ་ལོ་རྒྱག་མཁན་ཡོན་གཡོད་དང་ཀྲང་ཧྲོའེ་སོགས་ཡོད་པ་དག་གིས་རྐྱང་རྒྱག་དངོས་གཞིའི་འགྲན་བསྡུར་ལ་འགྲན་སློང་བྱ་རྒྱུ་རེད།

    ཟླ་9ཚེས་30ནས་ཟླ་10ཚེས་5ཉིན་བར། འགྲན་བསྡུར་ལྟ་བའི་ཡུལ་དངོས་གཉིས་པ་ནས་བརྙན་ཤེལ་ཆེན་པོ་བརྒྱུད་འགྲན་བསྡུར་གལ་ཆེན་ཁག་17ཐད་གཏོང་བྱས་ཏེ་གྲོང་མི་དེ་བས་མང་པོར་དྲ་བའི་སྤོ་ལོའི་ལུས་རྩལ་གྱི་ཉམས་འགྱུར་མངོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།