2025ལོའི་འཛམ་གླིང་གི་རིག་ནུས་ཐོན་ལས་འགྲེམས་ཚོགས་ཁྲུང་ཆིང་དུ་འཚོགས་པ།
ཉེ་ཆར། 2025ལོའི་འཛམ་གླིང་གི་རིག་ནུས་ཐོན་ལས་འགྲེམས་ཚོགས་ཁྲུང་ཆིང་གྲོང་ཁྱེར་དུ་འཚོགས་པ་རེད། སྐབས་འདིའི་རིག་ནུས་འགྲེམས་ཚོགས་ཀྱིས“མི་ཐབས་རིག་ནུས+”དང“རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར”ཞེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ནས་མི་ཐབས་རིག་ནུས་ཀྱི་གཙོ་རྐང་ལ་དམིགས་ཏེ་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། གྲངས་འཛིན་གྲོང་ཁྱེར། རིག་ནུས་འཕྲུལ་མི། དམའ་དབྱིངས་དཔལ་འབྱོར། རིག་ནུས་ཁྱིམ་སྡོད་བཅས་ཁག་ཆེན་པོ་ལྔ་བཏོད་ཡོད། འདི་ནི་ཁྲུང་ཆིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཕྲུལ་མིས་རིག་ནུས་འགྲེམས་ཚོགས་ཐོག་ལྟད་མོ་བ་དང་མཉམ་འགུལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།